ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀྲུའ་རིན་གྲོས་ཚོགས་ཐེངས་ཉེར་གཉིས་པ་བསྡུས།
2018.11.17 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 26

ཟླ་བཅུ་གཅིག་པའི་ཚེས་བཅུ་དྲུག་ཉིན་གྱི་ཕྱི་དྲོར།  ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀྲུའུ་རིན་གྲོས་ཚོགས་ཐེངས་ཉེར་གཉིས་པ་བསྡུས།   ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི།  ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས་པར་མ་ཟད་གཏམ་བཤད།   ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན།  རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཝང་ཡུས་ཡན་གྲོས་ཚོགས་ལ་ཟུར་ཞུགས་བྱས།   ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཀྲང་ཀོང་རོང་དང་མཱ་ཝེ།   ཉི་མ་སྒྲོལ་མ།   ཉའོ་ཁྲིན་ཡུན།   ཝུའུ་ཧེ་ཁུན།   ལིག་ཐུང་ཏི་བཅས་གྲོས་ཚོགས་ལ་ཞུགས།

གྲོས་ཚོགས་སྟེང་།  ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྐབས་བརྗེའི་ཚུན་གྱི་བྱ་བར་ཞིབ་འཇུག་བྱས།  ཝང་ཅན་ཅུན་གྱིས་བསྟན་དོན།  ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་དང་ལག་ལེན་མཐར་ཕྱིན་བྱས་པ་དང་།  རྒྱལ་ཡོངས་དམངས་ཆེན་གྱི་ནུས་ཡོད་མཛུབ་སྟོན་དང་ཞིང་ཆེན་ཏང་ཨུའི་སྟོབས་དང་ལྡན་པའི་འགོ་ཁྲིད་འོག   ལྔ་བཞིའི་འཐབ་ཇུས་དང་། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་བཀོད་སྒྲིག་གཟབ་ནན་གྱིས་དངོས་འབེབས་དོན་འཁྱོལ་བྱས་པ་དང་།   རྒྱུན་འཛིན་ཁྲོད་གསར་གཏོད་དང་།   ལག་ལེན་ཁྲོད་འཚོལ་ཞིབ་བྱས་ཏེ་འགོ་རྩོམ་ས་གསར་པ་དང་བྱེད་ཐབས་གསར་པ།  སྐབས་གསར་པར་སྣང་ཚུལ་གསར་པ་ཡོད་པ་མངོན་འགྱུར་བྱས་ཟེར།

ཝང་ཅན་ཅུན་གྱིས་བསྟན་དོན།  ཞིང་ཆེན་དམངས་ཆེན་ཏང་ཙུའུ་ལ་ནུས་པ་ཆེན་པོ་ཡོད་པ་དང་།  ཆབ་སྲིད་གླེང་བ་དང་སྤྱི་ཡོངས་བསམ་པ།  གསར་གཏོད་བྱེད་མཁས་པས་འདུ་ཤེས་བཞི་བརྟན་པོར་ཆགས་ཡོད་པ་དང་།   ཡིད་ཆེས་བཞི་ཧ་ཅང་བརྟན་པོ་ཡིན་ལ།  སྲུང་སྐྱོབ་གཉིས་ཧ་ཅང་མཐའ་འཁྱོལ་ཡིན།  ཞིང་ཆེན་དམངས་ཆེན་ཏང་ཙུའུ་ཡིས་ཀྲུང་དབྱང་གི་བླང་བྱ་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་ལྟར།   མང་ཚོགས་ཀྱི་རེ་འདོད་ལ་དམ་པོར་དམིགས་ཏེ་སྤྱི་ཡོངས་ལ་ཞབས་འདེགས་ཞུས་པ་དང་ལས་འགན་ལག་བསྟར་བཟང་བོ་བྱས་པས་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་མངོན་འགྱུར་བྱས་པ་དང་།   རང་སྟེང་གི་དགོས་མཁོ་བསྐངས་པར་མ་ཟད།   ས་གནས་རྒྱལ་ཁབ་དབང་ཟིལ་ལས་ཁུངས་ཀྱི་བྱེད་ནུས་འདོན་སྤེལ་གང་ལེགས་བྱས།  ཞིང་ཆེན་དམངས་ཆེན་བྱ་བས་ཚན་རིག་དང་དམངས་གཙོ།  ཁྲིམས་འཛུགས་བཅས་ལ་བརྟེན་ནས་ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་ལ་འགན་སྲུང་བྱས་པ་དང་།     ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་པར་མ་ཟད།   མི་དོན་འདེམ་བསྐོ་བྱ་བ་བཟང་བོར་བསྒྲུབས་སྟེ་ཏང་གི་འདོན་བློ་དང་མི་དམངས་ཀྱི་རེ་འདུན་ནུས་ཡོད་སྒོས་གཅིག་གྱུར་བྱས་པ་དང་།    རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་བསྩལ་བའི་དབང་ཆ་སོ་སོ་ནུས་ཡོད་སྒོས་ལག་བསྟར་བྱས ། དམངས་ཆེན་འཐུས་མིའི་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་པ་དང་།   ཞབས་ཞུ་འགན་སྲུང་དང་ལྟ་སྐུལ་དོ་དམ་མཉམ་བསྲེས་བྱེད་པ་རྒྱུན་འཁྱོངས་བྱས་ཏེ་སྒྲིག་སྲོལ་གཏལ་ཁེལ་དང་བླང་བྱ་བཏོན་ནས་འཐུས་མིའི་ངོས་ཟིན་ཇེ་དྲག་ཏུ་བཏང་བ་དང་།  འཐུམ་མིའི་སྤྱོད་ཚུལ་ལ་བསྒྱུར་ཏེ་རྒྱལ་ཡོངས་སུ་ཉམས་མྱོང་བཟང་བོ་དང་བྱེད་ཐབས་བཟང་བོ་འདོན་སྤྲོད་བྱས།   རང་སྟེང་འཛུགས་སྐྲུན་ལ་འཕོ་འགྱུར་ཆེན་པོ་བྱུང་ཡོད་པ་དང་།   འགོ་ཁྲིད་ཚན་ཁག་དམ་འཛིན་དང་དཔུང་སྡེའི་སྣེ་ཁྲིད་པ།   ལམ་ལུགས་འཛུགས་སྐྲུན་བྱེད་པ།    སྤུས་ཚད་མཐོར་འདེགས་གཏོང་བ་བཅས་བྱས་ཏེ་ཕྱོགས་སོ་སོའི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན་སྐུལ་སློང་བྱས་པ་དང་།   ཁྲིམས་ལྟར་འགན་ནུས་ལག་བསྟར་བྱེད་པའི་ནུས་པ་དང་ཆུ་ཚད་མཐོར་འདེགས་བཏང་ཡོད་ཟེར།

ཝང་ཅན་ཅུན་གྱིས་ནན་གྱིས་བསྟན་དོན།   དུས་རབས་གསར་པའི་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱེད་དགོས་པ་དང་།   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བའི་སྐོར་གྱི་བསམ་བློ་གལ་ཆེན་ལ་སློབ་སྦྱོང་ཟབ་མོ་བྱེད་དགོས་ལ།  སློབ་སྦྱོང་ལ་ཤུགས་སྣོན་དང་ནུས་པ་མཐོར་འདེགས།  ལས་འགན་ལག་བསྟར་བཟང་བོ་བཅས་བྱས་ཏེ།    སྐབས་འདིའི་དམངས་ཆེན་བྱ་བ་བཟང་བོ་བསྒྲུབ་དགོས་པ་དང་།   མཚོ་སྔོན་འཕེལ་རྒྱས་གཏོང་བའི་བྱ་བ་བཟང་བོར་བསྒྲུབ་དགོས་ལ།  ཏང་ཀྲུང་དབྱང་དང་།   ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱི་ཡིད་ཆེས་དང་མངག་བཅོལ་སྟོད་ཟད་དུ་གཏོང་མི་རུང་ཟེར།