ཁོང་ཡུང་གིས་སྟོང་སྐོར་རྫོང་གི་ཁངས་སྐྱོན་གནས་ཚུལ་ལ་རྟོག་ཞིབ་བྱས།
2018.11.21 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 28

བསྟུད་མུར་ཉིན་འགའི་རིང་ལ་ཁངས་བབས་པའི་རྐྱེན་གྱིས། མཚོ་སྔོན་གྱི་ཁུལ་དང་གྲོང་ཁྱེར། རྫོང་བཅས་མི་ཉུང་བ་ཞིག་ལ་ཚད་རིམ་མི་འདྲ་བའི་སྒོ་ནས་གནོད་སྐྱོན་ཐེབས་ཡོད། ཟླ་བཅུ་གཅིག་པའི་ཚེས་ཉི་ཤུ་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཁོང་ཡུང་སྟོང་སྐོར་རྫོང་དུ་སོང་ནས། དེ་གའི་ཁངས་སྐྱོན་གནས་ཚུལ་ལ་ཞིབ་ལྟ་བྱས་པར་མ་ཟད། ཁངས་སྐྱོན་གནོད་སྐྱོབ་བྱ་བར་མཛུབ་སྟོན་བྱས། 

ཁོང་ཡུང་གིས་ནན་གྱིས་བསྟན་དོན། ད་ལོར་མཚོན་ན་མཚོ་སྔོན་ལ་འབབ་ཞོད་ཆེ་ཞིང་། དེའི་ཁར་དགུན་འགོ་ཚུགས་པ་ནས་བཟུང་། ཁངས་ཆེན་བསྟུད་མུར་བབས་པས། དགུན་ཁའི་ཁངས་སྐྱོན་ལ་གཙིགས་ཆེན་བྱས་ཏེ། ཁངས་སྐྱོན་སྔོན་འགོག་གི་འདུ་ཤེས་མངོན་གསལ་སྒོས་ཇེ་དྲག་ཏུ་གཏོང་དགོས་པ་དང་། ལྷོད་གཡེང་དང་སྣང་ཆུང་གི་འདུ་ཤེས་གཏན་ནས་འཛིན་མི་རུང་བར། ཧུར་བརྩོན་ཆེན་པོས་ཁ་གཏད་བྱ་བ་བཟང་བོར་བསྒྲུབ་དགོས་ཟེར།