མཚོ་སྔོན་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་གཅིག་གཉིས་གསུམ་བཞི་ལྔ་དྲུག་གི་བྱེད་ཐབས་སྤྱད་དེ་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་ཐུན་མོང་ལེགས་སྒྲིག་བྱེད་པའི་བྱ་བར་འགན་སྲུང་བྱས།
2018.12.10 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 43

ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་ཐུན་མོང་ལེགས་སྒྲིག་བྱེད་པའི་ལས་དོན་ལ་བཀོད་སྒྲིག་བྱས་རྗེས། མཚོ་སྔོན་ཞིང་ཆེན་ཏང་ཨུས་ལས་དོན་དེར་མཐོང་ཆེན་བླ་མེད་གནང་བ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ལས་དོན་དེར་ཆེད་དོན་ཞིབ་འཇུག་དང་སློབ་སྦྱོང་བྱས་ཏེ། དུས་ལྟར་བརྡ་ཐོ་དཔར་ནས་བཀྲམ་པར་མ་ཟད། ཞིང་ཆེན་ཡོངས་ནས་སྐུལ་སློང་བཀོད་སྒྲིག་གྲོས་ཚོགས་བསྡུས་ཏེ་ལས་དོན་ལ་བཀོད་སྒྲིག་བྱས་ནས། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་ལ་ཐུན་མོང་ལེགས་སྒྲིག་ལས་དོན་སྤེལ་བར་མིག་དཔེ་བཟང་བོ་བསྟན། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་ཏང་ཨུའི་ཐུན་མོང་ལེགས་སྒྲིག་བྱ་བའི་འགན་འཁྲི་དམ་འཛིན་དང་བདེན་གཉེར་བྱེད་པར་མཐུན་སྦྱོར་རོགས་འདེགས་གང་ལེགས་བྱས་ཏེ། སྔར་ཡོད་བྱ་བའི་རྨང་གཞིའི་སྟེང་དུ། མིག་སྔར་གཅིག་གཉིས་གསུམ་བཞི་ལྔ་དྲུག་ཅེས་པའི་བཀོད་སྒྲིག་ལ་ཞིབ་འཇུག་བྱས་ཏེ་གཏན་འབེབས་བཟོས་ནས། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་ཐུན་མོང་ལེགས་སྒྲིག་བྱེད་པའི་ལས་དོན་གཏིང་ཟབ་ས་རུ་བསྒྱུར་བར་འགན་སྲུང་བྱས།