ཝང་ཁྲིན་གྱིས་ཅིར་ཅི་སི་སི་ཐན་གྱི་ཙུང་ལི་གཞོན་པ་དང་པོ་པའོ་ལོ་ནོ་ཧྥུའུ་ལ་ཐུག་འཕྲད་བྱས།
2018.12.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 5

ཟླ་བཅུ་གཉིས་པའི་ཚེས་བཅུ་གཅིག་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཝང་ཁྲིན་གྱིས་དབྱང་ཀྲིག་ནས་ཀྲུང་གོ་དང་ཨེ་ཤ་ཡ་དབུས་མའི་མཉམ་ལས་གླེང་སྟེགས་སྐབས་དྲུག་པར་ཞུགས་པའི་ཅིར་ཅི་སི་སི་ཐན་གྱི་ཙུང་ལི་གཞོན་པ་དང་པོ་པའོ་ལོ་ནོ་ཧྥུའུ་ལ་ཐུག་འཕྲད་བྱས།

ཝང་ཁྲིན་གྱིས་བཤད་རྒྱུར། ཀྲུང་གོ་དང་ཅིར་ཅི་སི་སི་ཐན་ནི་མཛའ་མཐུན་ཁྱིམ་མཚེས་རྒྱལ་ཁབ་ཡིན། ད་ལོའི་ཟླ་དྲུག་པར་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་རི་ཨུན་པེ་ཁི་ཧྥུའུ་རྣམ་གཉིས་ཀྱིས་རྒྱལ་ཁབ་གཉིས་བར་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་འཛུགས་རྒྱུ་ཁྱབ་སྒྲོག་བྱས་པ་དེས་ཀྲུང་གོ་དང་ཅིར་ཅི་སི་སི་ཐན་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འགོ་གཙོས་བཏོན་པའི་ཐུན་མོང་གི་ལྟ་ཚུལ་དངོས་འབེབས་བཟང་བོ་བྱེད་པ་དང་། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་མཉམ་ལས་མུ་མཐུད་དུ་མཉམ་སྐྲུན་བྱས་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྐྲུན་དགོས་ཟེར།

པའོ་ལོ་ནོ་ཧྥུའུ་ཡིས་བཤད་རྒྱུར། ཅིར་ཅི་སི་སི་ཐན་ཕྱོགས་ཀྱིས་ཅིར་ཅི་སི་སི་ཐན་དང་ཀྲུང་གོའི་མཛའ་མཐུན་འབྲེལ་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པར་མ་ཟད་ཧུར་ཐག་སྒོས་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་ཁྲོད་དུ་ཞུགས་ཏེ་ཁྱབ་ཁོངས་སོ་སོའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་འདོད་ཡོད་ཟེར།