ཝང་དབྱང་གིས་ཀྲུང་དབྱང་འཐུས་ཚབ་ཚོགས་པའི་ཡན་ལག་ཚོགས་པ་དང་པོ་ཁྲིད་དེ་པའེ་སིག་གི་རིགས་སོ་སོ་དང་ལས་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་མཛད།
2018.12.13 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 37

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི། ཀྲུང་དབྱང་འཐུས་ཚབ་ཚོགས་པའི་ཚོགས་གཙོ་ཝང་དབྱང་གིས་ཚེས་བཅུ་གཉིས་ཉིན་ཀྲུང་དབྱང་འཐུས་ཚབ་ཚོགས་པའི་ཡན་ལག་ཚོགས་པ་དང་པོ་ཁྲིད་དེ་པའེ་སིག་ཏུ་སོང་ནས་ས་དེའི་རིགས་སོ་སོ་དང་ལས་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་མཛད་པ་མ་ཟད། ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱི་མཛའ་བརྩེ་བརྒྱུད་སྒྲོག་བྱས་པ་དང་། ཚང་མ་དང་མཉམ་དུ་རང་སྐྱོང་ལྗོངས་བཙུགས་ནས་ལོ་འཁོར་དྲུག་ཆུ་ལོན་པར་རྟེན་འབྲེལ་ཞུས།

ཚེས་བཅུ་གཉིས་ཉིན་གྱི་སྔ་དྲོར། ཝང་དབྱང་སོགས་ཀྱིས་པའེ་སིག་འོས་ལངས་ཀྱི་གསར་བརྗེ་སྔོན་གཤེགས་དཔའ་བོར་མེ་ཏོག་སི་ར་ཕུལ། ཝང་དབྱང་གིས་བསྟན་དོན། ཏང་དང་མི་དམངས་ཀྱི་གསར་བརྗེ་སྔོན་རབས་པའི་ལོ་རྒྱུས་ཀྱི་བྱས་རྗེས་ནམ་ཡང་བརྗེད་མི་སྲིད་པ་དང་། ང་ཚོས་ཏང་གི་ཕུལ་བྱུང་སྲོལ་རྒྱུན་རྒྱུན་འཛིན་དང་དར་སྤེལ་བྱས་ནས། གསར་བརྗེ་གནས་རྙིང་ཁུལ་གྱི་མི་དམངས་ཀྱིས་སྔ་མོ་ནས་སྔར་ལས་བདེ་སྐྱིད་ཀྱི་འཚོ་བར་རོལ་ཐུབ་པར་བྱེད་པ་དང་། གསར་བརྗེ་སྔོན་རབས་པའི་འབད་འཐབ་བྱས་པའི་རླབས་ཆེན་གྱི་ལས་དོན་སྔར་ལས་གཏིང་ཟབ་ཏུ་སྤེལ་རྒྱུ་ཡིན་ཟེར།

དེའི་རྗེས་སུ། ཝང་དབྱང་སོགས་པའེ་སིག་མཐོ་རིམ་སློབ་འབྲིང་དུ་སོང་ནས། སློབ་གྲྭའི་ལོ་རྒྱུས་ཁང་ནས་སློབ་གྲྭའི་འཛུགས་སྐྲུན་དང་འཕེལ་རྒྱས། སློབ་གྲྭའི་དགེ་རྒན་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་མཛད་པ་མ་ཟད། སློབ་ཁང་དུ་སོང་ནས་དགེ་སློབ་རྣམས་ལ་འཚམས་འདྲི་མཛད།

པའེ་སིག་གྲོང་ཁྱེར་ཡིག་ཅང་ཆུའུ་དབྱིན་ལུང་ཡུལ་གཞན་གནས་སྤོར་དབུལ་སྐྱོར་གྲོང་རྡལ་དུ། ཝང་དབྱང་གིས་གནས་སྤོར་བཀོད་སྒྲིག་དང་ཆ་སྡེབས་སྒྲིག་ཆས་འཛུགས་སྐྲུན། གསོ་སྦྱོང་ལས་ཞུགས་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས་པ་དང་། གྲོང་རྡལ་འདིར་གནས་སྤོར་བྱས་པའི་སྡེ་དམངས་ལ་འཚམས་འདྲི་མཛད།  ཐེན་དབྱང་རྫོང་ཐེན་ཁྲིག་གྲོང་རྡལ་ཞིན་ཁྲིན་སྡེ་བའི་གྲོ་མ་གྲི་ཐོན་ལས་རྟེན་གཞི་རུ། ཝང་དབྱང་སོགས་ཀྱིས་ས་དེའི་དེང་རབས་ཞིང་ལས་དཔེ་སྟོན་རྟེན་གཞི་འཛུགས་སྐྲུན་བྱེད་པའི་གནས་ཚུལ་གྱི་ངོ་སྤྲོད་ལ་ཉན།

ཚེས་བཅུ་གཉིས་ཉིན་གྱི་ཕྱི་དྲོར། ཝང་དབྱང་སོགས་ཀྱིས་པའེ་སིག་གྲོང་ཁྱེར་གྱི་རིགས་སོ་སོ་དང་ལས་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་འཐུས་ཚབ་པར་མཇལ་འཕྲད་གནང་བར་མ་ཟད། པའེ་སིག་གྲོང་ཁྱེར་གྱིས་ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་བཙུགས་ནས་ལོ་འཁོར་དྲུག་ཅུ་ལོན་པར་རྟེན་འབྲེལ་ཞུ་བའི་བཞུགས་མོལ་ཚོགས་འདུ་ལ་ཞུགས་ནས། ལས་བྱེད་པ་དང་མང་ཚོགས་ཀྱི་གཏམ་བཤད་ལ་ཉན།

ཀྲུང་དབྱང་འཐུས་ཚབ་ཚོགས་པའི་ཚོགས་གཙོ་གཞོན་པ་པ་ཐུར་དང་མེའོ་ཧྭ། ཀྲུང་དབྱང་འཐུས་ཚབ་ཚོགས་པའི་ཁོངས་མི་སྐོར་ཞིག་བྱ་འགུལ་ལ་ཞུགས།