མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་ཡོངས་ཀྱི་དབུལ་སྐྱོར་ཐོན་ལས་འཕེལ་རྒྱས་དང་དབུལ་ཕོངས་ངལ་རྩོལ་བ་གནས་སྤོར་ལས་ཞུགས་བྱེད་པའི་སྐུལ་སྤེལ་གྲོས་ཚོགས་བསྡུས།
2018.12.14 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 15

ཟླ་བཅུ་གཉིས་པའི་ཚེས་བཅུ་གཉིས་ཉིན།   མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་ཡོངས་ཀྱི་དབུལ་སྐྱོར་ཐོན་ལས་འཕེལ་རྒྱས་དང་དབུལ་ཕོངས་ངལ་རྩོལ་བ་གནས་སྤོར་ལས་ཞུགས་བྱེད་པའི་སྐུལ་སྤེལ་གྲོས་ཚོགས་བསྡུས་ཏེ།   ཞིང་ཆེན་ཡོངས་ཀྱི་དབུལ་སྐྱོར་ཐོན་ལས་འཕེལ་རྒྱས་དང་དབུལ་ཕོངས་ངལ་རྩོལ་བ་གནས་སྤོར་ལས་ཞུགས་བྱས་པའི་གནས་ཚུལ་ཁྱབ་བསྒྲགས་བྱས་པ་དང་།  གོ་རིམ་རྗེས་མའི་བྱ་བར་བཀོད་སྒྲིག་བྱས།  ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན།  ཧྲིན་ཀྲང་གཞོན་པ་ཡན་ཅིན་ཧེ་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།

གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན།   ལས་ཞུགས་གསོ་སྦྱོང་ནི་དབུལ་ཕོངས་མང་ཚོགས་ཀྱི་ངལ་རྩོལ་རྩལ་ནུས་མཐོར་འདེགས་བཏང་སྟེ་ཡོང་སྒོ་ཇེ་མང་དུ་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པ་དང་།   རྒྱུན་མཐུད་བརྟན་འཇགས་དབུལ་ཐར་མངོན་འགྱུར་བྱེད་པའི་ཡུན་རིང་གི་ཐབས་ཇུས་ཀྱང་ཡིན་པས།    གནད་ཕིགས་འབུར་ཐོན་དང་དགོས་མཁོའི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ་ཚད་ལྡན་གྱི་དོ་དམ་བྱེད་ཐབས་ལག་བསྟར་བྱེད་དགོས་པ་དང་།   ད་ཡོད་ཀྱི་ཐོན་ཁུངས་ལེགས་སྒྲིག་བྱས་ཏེ་གསོ་སྦྱོང་སྤུས་ཚད་དང་ལས་སྐྲུན་ལས་ཞུགས་ནུས་པ་མཐོར་འདེགས་གཏོང་དགོས།    དགོས་མཁོ་སྦྲེལ་མཐུད་བྱེད་པར་ཤུགས་སྣོན་པ་དང་།   ཁ་ཕྱོགས་གཏན་ཁེལ་བྱས་ཏེ་དབུལ་ཕོངས་མང་ཚོགས་ཀྱི་རྩལ་ནུས་གསོ་སྦྱོང་རོགས་སྐྱོར་དང་དམངས་ཕན་སྲིད་ཇུས་སོ་སོ་དངོས་འབེབས་དོན་འཁྱོལ་བྱེད་དགོས་ལ།   དབུལ་ཕོངས་ངལ་རྩོལ་ཕྱི་རུ་ངལ་ལས་ལ་འགྲོ་བར་སྣེ་ཁྲིད་དང་སྐུལ་སློང་བྱེད་དགོས།   ཐོན་ལས་དབུལ་སྐྱོར་ཤུགས་ཚད་ཆེ་རུ་བཏང་སྟེ་ཁྱད་ལྡན་ཐོན་ལས་གསོ་སྐྱོང་བྱེད་པ་དང་།   ཐོན་ཁུངས་དགེ་མཚན་དང་ཐོན་ལས་རྨང་གཞིར་རྐང་བཙུགས་ཏེ་ཁྲོམ་ར་ཡོད་པ་དང་མིང་རྟགས་ཡོད་པ།  ཕན་ནུས་ཡོད་པའི་ཁྱད་ལྡན་ཐོན་ལས་ནུས་ཡོད་སྒོས་འཕེལ་རྒྱས་སུ་གཏོང་དགོས།   ཐོན་ལས་དང་པོ་དང་གཉིས་པ།  གསུམ་པ་བཅས་མགྱོགས་མྱུར་སྒོས་མཉམ་བསྲེས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་སྟེ།   སྲིད་ཇུས་རོགས་སྐྱོར་དང་ལག་རྩལ་རྒྱབ་སྐྱོར།   དངུལ་རྩའི་ཞབས་ཞུ་བཅས་སྔར་ལས་ཇེ་དྲག་ཏུ་གཏོང་དགོས།    ཚན་རྩལ་གསར་སྐྲུན་ལ་ཤུགས་བསྣན་ཏེ་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ཞིང་ཆེན་དང་གྲོང་ཁྱེར་བར་གྱི་ལག་རྩལ་མཉམ་ལས་ལ་ཤུགས་བསྣན་ཏེ་ལོ་རེའི་དབུལ་ཐར་དམིགས་འབེན་ཡོངས་འགྲུབ་བྱེད་དགོས་ཟེར།