མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཕྱི་འབྲེལ་པུའུ་མཚོ་སྔོན་ཞིང་ཆེན་འཛམ་གླིང་མཚམས་སྦྱོར་བྱ་འགུལ་གྲ་སྒྲིག་བྱ་བའི་མཐུན་སྦྱོར་གྲོས་ཚོགས་བསྡུས།
2018.12.14 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 24

ཟླ་བཅུ་གཉིས་པའི་ཚེས་བཅུ་གཉིས་ཉིན།   མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཕྱི་འབྲེལ་པུའུ་མཚོ་སྔོན་ཞིང་ཆེན་འཛམ་གླིང་མཚམས་སྦྱོར་བྱ་འགུལ་གྲ་སྒྲིག་བྱ་བའི་མཐུན་སྦྱོར་གྲོས་ཚོགས་བསྡུས་པ་དང་།   ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན།  ཧྲིན་ཀྲང་གཞོན་པ་ཝང་ཡུས་པའོ་གྲོས་ཚོགས་ལ་ཞུགས་པར་མ་ཟད།    ཕྱི་འབྲེལ་པུའུ་ཡི་མཚམས་སྦྱོར་བྱ་འགུལ་སྐོར་གྱི་ཚད་གཞིའི་བླང་བྱ་དང་།  ཧྲུའུ་ཅི་ཝང་ཅན་ཅུན་དང་ཧྲིན་ཀྲང་ལིག་ཉིང་གི་བྱ་བའི་བླང་བྱ་ལག་ལེན་མཐར་ཕྱིན་བྱས་ཏེ།  ཆབ་སྲིད་ལངས་གནས་མཐོར་འདེགས་གཏོང་བ་དང་འགན་འཁྲི་དངོས་འབེབས་དོན་འཁྱོལ་བྱེད་པ།   རྩ་འཛུགས་ཞིབ་མོ་བྱེད་པ། འཆར་འགོད་ནན་མོ་བྱེད་པ་བཅས་བྱས་ནས་མཚམས་སྦྱོར་བྱ་འགུལ་གྱི་གྲ་སྒྲིག་བྱ་བ་སོ་སོ་གཟབ་ནན་གྱིས་བཟང་བོར་བསྒྲུབ་དགོས་ཞེས་ནན་གྱིས་བསྟན།   ཧྲིན་ཀྲང་གཞོན་པ་ཀྲང་ལིས་ཀྱིས་གྲོས་ཚོགས་ལ་འགོ་འཛིན་བྱས་པར་མ་ཟད་གཏམ་བཤད།

གྲོས་ཚོགས་སྟེང་བསྟན་དོན།   ཕྱི་འབྲེལ་པུའུ་མཚོ་སྔོན་ཞིང་ཆེན་གྱི་འཛམ་གླིང་མཚམས་སྦྱོར་བྱ་འགུལ་སང་ལོར་པེ་ཅིན་ནས་སྤེལ་རྒྱུ་ཡིན་པ་དང་། འདི་ནི་མཚོ་སྔོན་གྱི་སྐྱེ་ཁམས་གོ་གནས་དང་།  རིན་ཐང་དང་སྟོབས་ཤུགས་དྲིལ་སྒྲོག་བྱེད་པ་དང་།    མཚོ་སྔོན་གྱི་བཅོས་སྒྱུར་འཕེལ་རྒྱས་གྲུབ་འབྲས་འགྲེམ་སྟོན་བྱེད་པ།   ཀྲུང་གོའི་གཏམ་རྒྱུད་ཁྲོད་ཀྱི་མཚོ་སྔོན་གྱི་ལེའུ་བཟང་བོར་བཤད་པ།  ཁྱོན་ཡོངས་ནས་མཚོ་སྔོན་གྱི་ཕྱི་ཕྱིགས་སྒོ་འབྱེད་ཆུ་ཚད་ མཐོར་འདེགས་གཏོང་བའི་ཕྱི་དོན་བྱ་འགུལ་གལ་ཆེན་ཞིག་ཡིན་པས།  ངེས་པར་དུ་མཐོང་ཆེན་ཚད་མཐོན་པོ་དང་འཆར་འགོད་ཞིབ་མོ་བྱས་ཏེ་མཚམས་སྦྱོར་བྱ་འགུལ་དུས་ལྟར་སྤུས་ཚད་མཐོན་པོས་སྤེལ་བར་འགན་སྲུང་བྱེད་དགོས་ཟེར།

གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན།   གྲ་སྒྲིག་བྱ་བའི་སྐུལ་འདེད་ཚན་ཆུང་སོ་སོའི་ཁོངས་གཏོགས་སྡེ་ཁག་གིས་ཕྱི་འབྲེལ་བྱ་བར་དོན་ཆུང་མེད་པའི་ཚད་མཐའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ་ཆབ་སྲིད་ལངས་གནས་མཐོར་འདེགས་གཏོང་དགོས་པ་དང་།   རྒྱལ་ཁབ་ཕྱི་འབྲེལ་བྱ་བའི་སྤྱི་ཡོངས་དང་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་དམིགས་ནས་བྱ་བ་སོ་སོ་བཟང་བོར་བསྒྲུབ་དགོས།   མཚོ་སྔོན་ཞིང་ཆེན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་གལ་ཆེན་ལག་ལེན་མཐར་ཕྱིན་བྱེད་པ་དང་།  སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ལ་སྐུལ་འདེད་གཏོང་བར་དམིགས་ནས།  མཚམས་སྦྱོར་བྱ་འགུལ་གྱི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་།   མཚོ་སྔོན་གྱི་གཏམ་རྒྱུད་བཟང་བོར་བཤད་པ།   ཟུར་མང་པོ་དང་ཁྱོན་ཡོངས།  ཆུ་ཚད་མཐོན་པོས་དུས་རབས་གསར་པའི་མཚོ་སྔོན་གྱི་སྣང་བརྙན་མཚོན་པར་བྱེད་དགོས་ལ།   མཐུན་སྦྱོར་རོགས་ལས་བྱ་བར་ཤུགས་བསྣན་ནས་མཚམས་སྦྱོར་བྱ་འགུལ་བདེ་བླག་ངང་སྤེལ་བར་མཉམ་དུ་འབད་བརྩོན་བྱེད་དགོས་ཟེར།