མཚོ་སྔོན་གྱིས་ཞིང་ཆེན་ཡོངས་ཀྱི་ནག་འཇོམས་ངན་སེལ་ཆེད་དམིགས་འཐབ་རྩོད་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་ལྔ་བ་བསྡུས།
2019.01.11 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 21

ཟླ་དང་པོའི་ཚེས་དགུ་ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ནག་འཇོམས་ངན་སེལ་ཆེད་དམིགས་འཐབ་རྩོད་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་ལྔ་བ་ཟི་ལིང་ནས་བསྡུས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཀྲང་ཞི་མེན་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། སྲིད་ཁྲིམས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དབྱིན་པེ། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཞིབ་དཔྱོད་དཔོན་པོ་ཚབ་མ་མིན་ཡུང་ཧྲན་བཅས་ཚོགས་འདུར་ཞུགས། དབྱིན་པེ་ཡིས་གྲོས་ཚོགས་ལ་འགོ་འཛིན་བྱས།

གྲོས་ཚོགས་ལས་རྒྱལ་ཡོངས་ནག་འཇོམས་ངན་སེལ་ཆེད་དམིགས་འཐབ་རྩོད་བརྙན་རིས་གྲོས་ཚོགས་ཀྱི་དགོངས་དོན་དང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་ལ་སློབ་སྦྱོང་མཐར་ཕྱིན་དང་དངོས་འབེབས་དོན་འཁྱོལ་བྱས་ཤིང་། ཞིང་ཆེན་ཡོངས་ཀྱི་ནག་འཇོམས་ངན་སེལ་ཆེད་དམིགས་འཐབ་རྩོད་ཀྱི་ལྟ་ཞིབ་སྐོར་ཐེངས་གསུམ་པའི་གནས་ཚུལ་སྙན་ཞུར་ཉན་པར་མ་ཟད། ལྟ་ཞིབ་ཉམས་མྱོང་ལ་སྤྱི་སྡོམ་དང་གནས་པའི་གནད་དོན་ལ་དབྱེ་ཞིབ། ལེགས་སྒྲིག་བསམ་འཆར་ལ་ཞིབ་འཇུག་བཅས་བྱས་པ་ལས་གཞན། ད་ལོའི་བྱ་བར་བཀོད་སྒྲིག་ལེགས་པོ་བྱས། གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཁྱོན་ཡོངས་ནས་རྒྱལ་ཡོངས་ཆེད་དམིགས་འཐབ་རྩོད་བརྙན་རིས་གྲོས་ཚོགས་ཀྱི་བཀོད་སྒྲིག་དགོངས་དོན་དངོས་འབེབས་མཐར་ཕྱིན་བྱས་ནས། དུས་བབ་ལ་གོ་བ་ཡང་དག་ལེན་པ་དང་ཁ་ཕྱོགས་གསལ་བོ་བཟོ་བ། རྟོག་ཞིབ་གཏིང་ཟབ་བྱེད་པ། དཀའ་ངལ་འཕྲལ་སེལ་བྱེད་པ། གཅིག་གྱུར་འཆར་འགོད་ལ་བརྩོན་པ་བཅས་ལ་འབད་དེ་ཐོད་བརྒལ་གསར་བ་དང་གྲུབ་འབྲས་གསར་བ་ལོན་པར་བྱེད་དགོས། སྙིང་སྟོབས་ལེགས་པོ་དང་བྱེད་ཐབས་འཛོམས་པོ། སྤྱོད་ལམ་གཙང་མ་བཅས་ཀྱི་ངོས་ནས་ནག་འཇོམས་ངན་སེལ་གྱི་སྦྱོར་བ་གཏིང་ཟབ་ས་ནས་ཟབ་སར་སྤེལ་དགོས་ཟེར།