མཚོ་སྔོན་གྱིས་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་གནད་དོན་ལ་ལེགས་སྒྲིག་བྱེད་པའི་སྐུལ་སྤེལ་གྲོས་ཚོགས་བསྡུས།
2019.01.12 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 29

ཟླ་དང་པོའི་ཚེས་བཅུ་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་གནད་དོན་ལ་ལེགས་སྒྲིག་བྱེད་པའི་སྐུལ་སློང་གྲོས་ཚོགས་བབསྡུས་ཤིང་། ཚོགས་ཐོག་ནས་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་གནད་དོན་ལ་ལེགས་སྒྲིག་བྱས་པའི་གནས་ཚུལ་ལ་ཉན་པ་དང་། གནས་པའི་གནད་དོན་ལ་དབྱེ་ཞིབ་དང་མ་འོངས་པའི་བྱ་བར་བཀོད་སྒྲིག་བྱས། ཧྲིན་ཀྲང་གཞོན་པ་ཐེན་ཅིན་ཁྲིན་ཚོགས་འདུར་ཞུགས།

གྲོས་ཚོགས་ལས་བསྟན་དོན། ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ལས་དོན་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་སྒྲིག་ལུགས་བཀོད་སྒྲིག་གལ་ཆེན་ཞིག་དང་བྱ་བའི་བྱེད་ཕྱོགས་གཙོ་བོ་ཞིག་ཡིན། ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཁག་གིས་མཚོ་སྔོན་ལ་ལྟ་ཞིབ་བསམ་འཆར་བཏོན་པ་ནས་བཟུང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་མཐོང་ཆེན་བྱས་ནས། ཆབ་སྲིད་ཀྱི་གོ་གནས་བསྟུད་མུར་ཇེ་མཐོར་གཏོད་པ་དང་ཚད་གཞི་མཐོན་པོའི་སྒོ་ནས་སྐུལ་འདེད་བཏང་ནས་ལས་རིམ་ཡོངས་འབད་པས་བསྒྲུབས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་གཙོ་བོས་སྣེ་ཁྲིད་དེ་ལྟ་ཞིབ་ལེགས་པོ་བྱས་ཏེ། བྱ་བར་བླང་བྱ་བཏོན་ནས་གནད་དོན་དུས་ལྟར་ཐག་བཅད། ས་གནས་དང་སྡེ་ཁག་སོ་སོས་རང་བདག་འགན་འཁྲི་འཕྲལ་བསྒྲུབ་དང་ཕྱོགས་བསྡུས་སྲིད་ཇུས་ལག་བསྟར་བྱས་ནས། ལེགས་སྒྲིག་བྱ་བའི་ཆེས་གཞི་རྩའི་དམིགས་འབེན་མངོན་དུ་འགྱུར་བར་བྱེད་དགོས་ཟེར།