ཝང་ཞའོ་ཡུང་གིས་ཆུ་དམར་ལེབ་རྫོང་དུ་རྟོག་ཞིབ་བྱས།
2019.01.12 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 20

ཉེ་སྔོན།   ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི།  ཀྲུའུ་ཞི་གཞོན་པ་ཝང་ཞའོ་ཡུང་ཆུ་དམར་ལེབ་རྫོང་དུ་སོང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་གནང་བའི་མཆན་བཀོད་མཛུབ་སྟོན་གལ་ཆེན་དང་།   ལྷག་པར་དུ་ཏན་ཏན་ཏིག་ཏིག་གིས་སྐྱེ་ཁམས་སྲུང་སྐྱོབ་ལ་སྐུལ་འདེད་གཏོང་དགོས་པའི་སྐོར་གྱི་བླང་བྱ་གལ་ཆེན་ལག་བསྟར་དོན་འཁྱོལ་བྱས་པའི་གནས་ཚུལ་ལ་རྟོག་ཞིབ་བྱས་པ་དང་།    ཡུལ་དངོས་ནས་ལྟ་ཞིབ་དང་སྙན་ཞུར་ཉན་པ།  བཞུགས་མོལ་ཚོགས་འདུ་བསྡུ་བ་སོགས་ཀྱི་རྣམ་པ་བརྒྱུད་དེ་སྐྱེ་ཁམས་སྲུང་སྐྱོབ་ལས་གཞི་འཛུགས་སྐྲུན་དང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན། གནད་ཕིགས་དབུལ་སྐྱོར་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས།

ཝང་ཞའོ་ཡུང་གིས་བསྟན་དོན། ཆུ་དམར་ལེབ་ཀྱིས་སྐྱེ་ཁམས་སྲུང་སྐྱོབ་ཐད་ཕན་ནུས་ལྡན་པའི་བྱ་བ་མང་པོ་བསྒྲུབས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐྱེ་ཁམས་སྲུང་སྐྱོབ་སྐོར་གྱི་མཆན་བོཀད་མཛུབ་སྟོན་གལ་ཆེན་ཆུ་དམར་ལེབ་ནས་ལག་ལེན་མཐར་ཕྱིན་བྱེད་པར་རྨང་གཞི་བརྟན་པོ་བཏིངས་ཤིང་། གསར་སྐྲུན་དང་ཁག་ཁུར་བྱེད་ཕོད་པའི་འདུ་ཤེས་དྲག་པོ་ལྡན་པ་དང་། མང་ཚོགས་ཀྱིས་དང་ལེན་བྱེད་པ་དང་ཕན་ནུས་མཐོ་བའི་བྱ་བའི་ནང་རྐྱེན་འཚོལ་ཞིབ་དང་སྤྱི་བསྡོམས་བྱས་ནས་སྐྱེ་ཁམས་སྲུང་སྐྱོབ་ཐད་སྒྲིག་གཞི་རང་བཞིན་གྱི་འགན་སྲུང་འདོན་སྤྲོད་བྱས་ཡོད། རོང་འབྲོག་མང་ཚོགས་ལས་ཞུགས་ལས་སྐྲུན་ཞབས་ཞུའི་ལྟེ་གནས་ཀྱི་བྱེད་ཐབས་བཟང་བོ་ཡིན་པས་སྐྱེ་ཁམས་གནས་སྤོར་སྡོད་དམངས་ཀྱི་འཚོ་གནས་བྱེད་ཐབས་དང་འཚོ་བའི་བྱེད་ཐབས།  ཐོན་སྐྱེད་བྱེད་ཐབས་ལ་རྩ་བའི་རང་བཞིན་གྱི་འགྱུར་ལྡོག་བྱུང་ཡོད། མཁར་གྲོང་ཅན་འཛུགས་སྐྲུན་ཐད་འགྱུར་ལྡོག་ཆེན་པོ་བྱུང་ཡོད་ཅིང་མཚོ་ངོས་ལས་མཐོ་ཚད་མཐོ་ཞིང་འཚོ་བར་དཀའ་ཁག་ཆེ་བའི་མང་ཚོགས་ཀྱིས་བདེ་སྐྱིད་འཚོ་བ་རེ་སྙེག་བྱེད་པ་མངོན་པར་བྱས་ཡོད་ཟེར།

ཝང་ཞའོ་ཡུང་གིས་ནན་གྱིས་བསྟན་དོན།   ཆུ་དམར་ལེབ་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་གནང་བའི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་། ལྷག་པར་དུ་ཏན་ཏན་ཏིག་ཏིག་གིས་སྐྱེ་ཁམས་སྲུང་སྐྱོབ་བྱ་བར་སྐུལ་འདེད་གཏོང་དགོས་པའི་སྐོར་གྱི་བླང་བྱ་གལ་ཆེན་ལག་ལེན་མཐར་ཕྱིན་བྱས་ཏེ། གསར་སྐྲུན་དང་འབད་འཐབ་སྙིང་སྟོབས་མུ་མཐུད་དུ་དར་སྤེལ་གཏོང་དགོས་པ་དང་། སྐྱེ་ཁམས་སྲུང་སྐྱོབ་བྱ་བར་སྐུལ་འདེད་བཏང་སྟེ་དྭངས་གཙང་གི་རི་ཆུ་ལ་བརྟེན་ནས་མི་དམངས་མང་ཚོགས་ལ་སྔར་ལས་མང་པོའི་ཁེ་ཕན་ཐོབ་ཏུ་འཇུག་དགོས་ལ། སྟེང་ཕྱོགས་ཇུས་འགོད་རྒྱུན་འཁྱོངས་དང་ས་གནས་རང་སྟོབས་རང་བཞིན་འདོན་སྤེལ་བྱེད་པར་མཐོང་ཆེན་བྱེད་རྒྱུ་གཉིས་ཟུང་འབྲེལ་བྱེད་པ་དང་།  བཅོས་སྒྱུར་གསར་སྐྲུན་ལ་སྐུལ་འདེད་གཏོང་བ་དང་དངོས་ཐོག་བདེན་འཚོལ་བྱེད་རྒྱུ་ཟུང་འབྲེལ་བྱས་ཏེ་དུས་རབས་གསར་པའི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་རྣམ་པ་གསར་འཚོལ་ཞིབ་བྱེད་དགོས་ཟེར།