རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས་སྲིད་གཞུང་རང་བཞིན་གྱི་དངུལ་བསྡུའི་འགན་ལེན་ཐེབས་རྩའི་ནུས་པ་ནུས་ལྡན་གྱིས་བཏོན་ནས་ཁེ་ལས་ཆུང་བ་དང་ཞིང་གསུམ་གྱི་འཕེལ་རྒྱས་ལ་དངོས་སུ་རྒྱབ་སྐྱོར་བྱེད་པའི་སྐོར་གྱི་མཛུབ་སྟོན་བསམ་འཆར་དཔར་ནས་བཀྲམ།
2019.02.14 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 27

ཉེ་སྔོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས་སྲིད་གཞུང་རང་བཞིན་གྱི་དངུལ་བསྡུའི་འགན་ལེན་ཐེབས་རྩའི་ནུས་པ་ནུས་ལྡན་གྱིས་བཏོན་ནས་ཁེ་ལས་ཆུང་བ་དང་ཞིང་གསུམ་གྱི་འཕེལ་རྒྱས་ལ་དངོས་སུ་རྒྱབ་སྐྱོར་བྱེད་པའི་སྐོར་གྱི་མཛུབ་སྟོན་བསམ་འཆར་དཔར་ནས་བཀྲམ།

བསམ་འཆར་ལས་བྱེད་ཐབས་འགའ་གཏན་ཁེལ་གསལ་པོ་བྱས་ཡོད་དེ། གཅིག་ནི་ཁེ་ལས་ཆུང་བ་དང་ཞིང་གསུམ་ལ་རྒྱབ་སྐྱོར་བྱེད་པའི་དངུལ་བསྡུའི་འགན་ལེན་གྱི་ལས་སྒོ་གཙོ་བོར་རྒྱབ་སྐྱོར་བྱེད་པ། གཉིས་ནི་ཁེ་ལས་ཆུང་བ་དང་ཞིང་གསུམ་གྱི་ཕྱོགས་བསྡུས་དངུལ་བསྡུའི་མ་རྩ་དངོས་སུ་ཇེ་དམའ་རུ་གཏོང་བ། གསུམ་ནི་སྲིད་གཞུང་རང་བཞིན་གྱི་དངུལ་བསྡུའི་འགན་ལེན་ལས་ཁུངས་དང་དངུལ་ཁང་ལས་རིགས་ཀྱི་དངུལ་བསྡུའི་ལས་ཁུངས་མཉམ་དུ་ཟབ་ཞུགས་བྱེད་པ་དང་། ཉེན་ཁ་ལུགས་མཐུན་སྒོས་ཁུར་བའི་དངུལ་ཁང་འགན་ལེན་མཉམ་ལས་ཀྱི་རྐྱེན་སྲོལ་འཛུགས་པ། བཞི་ནི་མཉམ་ལས་དང་ཐོན་ཁུངས་མཉམ་སྤྱོད་ལ་ཤུགས་བསྣན་ནས་ལྟ་སྐུལ་དོ་དམ་དང་དཔྱད་ཞིབ་རྐྱེན་སྲོལ་ལེགས་སྒྱུར་བྱེད་པ་བཅས་རེད།