ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་འཆར་འགོད་གྲོས་ཚོགས་བསྡུས།
2019.02.21 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 60

ཟླ་གཉིས་པའི་ཚེས་བཅོ་བརྒྱད་དང་ཚེས་བཅུ་དགུ་ཉིན་གཉིས་ལ།  ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་འཆར་འགོད་གྲོས་ཚོགས་བསྡུས་ཏེ་རྒྱལ་ཡོངས་རྩ་འཛུགས་པུའུ་ཀྲང་གི་གྲོས་ཚོགས་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་གཉིས་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པར་དམིགས་ནས་ད་ལོའི་ཞིང་ཆེན་ཡོངས་ཀྱི་རྩ་འཛུགས་བྱ་བར་ཞིབ་འཇུག་འཆར་འགོད་བྱས།   ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན།  རྩ་འཛུགས་པུའུ་ཀྲང་ཝང་ཡུས་ཡན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས་པར་མ་ཟད་གཏམ་བཤད།

ཝང་ཡུས་ཡན་གྱིས་བསྟན་དོན།   རྒྱལ་ཡོངས་རྩ་འཛུགས་པུའུ་ཀྲང་གི་གྲོས་ཚོགས་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་གཉིས་གཟབ་ནན་གྱིས་ལག་ལེན་མཐར་ཕྱིན་བྱེད་རྒྱུ་ནི་ཞིང་ཆེན་ཡོངས་ཀྱི་རྩ་འཛུགས་བྱ་བའི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་ཡིན་པས།   ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་ལྟར་ཏང་གི་གནས་ཚུལ་དང་རྒྱལ་ཁབ་ཀྱི་གནས་ཚུལ།  ཞིང་ཆེན་གྱི་གནས་ཚུལ་བཅས་ཀྱི་འགྱུར་ལྡོག་གསར་པར་མཐུན་པར་བྱེད་པ་དང་།  དུས་རབས་གསར་པའི་རྩ་འཛུགས་བྱ་བའི་གཏན་གནས་ལ་རྒྱུས་ལོན་ཡང་དག་བྱེད་པ།   སེམས་ཤུགས་གཅིག་བསྡུས་བཅས་བྱས་ནས་ཕྱོགས་ཡོངས་ནས་རྩ་འཛུགས་བྱ་བའི་སྤུས་ཚད་མཐོར་འདེགས་གཏོང་དགོས་ཟེར།  ཁོ་མོས་ནན་གྱིས་བསྟན་དོན།   རྣམ་པ་གསར་པ་དང་བླང་བྱ་གསར་པར་རྒྱུས་ལོན་ཡང་དག་བྱེད་པ་དང་།   སྤྱི་ཡོངས་ལ་ལྟ་བ་དང་རྣམ་པར་ལྟ་པ།  ཁ་ཕྱོགས་ལ་ལྟ་བ་བཅས་བྱེད་པ།   གཙོ་གནད་གཅིག་བསྡུས་དང་སྤྱི་ཡོངས་ལ་དམིགས་ནས་རྩ་འཛུགས་བྱ་བར་འཆར་འགོད་བྱེད་པ། ལས་བྱེད་པའི་བྱ་བ་དང་གཞི་རིམ་རྩ་འཛུགས་འཛུགས་སྐྲུན།  ཤེས་ལྡན་མི་སྣའི་བྱ་བ།   གཞུང་ཞབས་པའི་དོ་དམ་སོགས་ལས་འགན་སོ་སོ་དོན་འཁྱོལ་བྱེད་པར་གཅིག་བསྡུས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཞིང་ཆེ ན་ཡོངས་ཀྱི་ལས་དོན་སོ་སོའི་འཕེལ་རྒྱས་ཐད་སྔར་ལས་ཞབས་འདེགས་བཟང་བོ་ཞུ་དགོས།

རྩ་འཛུགས་བྱ་བའི་འབུར་ཐོན་གནད་དོན་ཐག་གཅོད་བྱེད་པ་དང་།   མཚོ་སྔོན་གྱི་གནས་ཚུལ་དངོས་དང་མཐུན་པར་བྱེད་པ།   བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱེད་པ།   མི་འདང་སར་ཁ་གསབ་བྱེད་པ།   སྤུས་ཚད་མཐོར་འདེགས་གཏོང་བ།   དངོས་འབེབས་དོན་འཁྱོལ་བྱེད་པའི་ཤུགས་འདོན་ས་ཡང་དག་པར་འཚོལ་བ།   གནད་དོན་ལ་དབྱེ་ཞིབ་བྱས་པ་ཡང་དག་ཡིན་པ་དང་སྲིད་ཇུས་དངོས་འབེབས་བྱས་པ་དོན་དངོས་དང་མཐུན་པར་འགན་སྲུང་བྱས་ནས་རྒྱུན་ཆད་མེད་པར་ཇུས་ཆོད་ཀྱི་གནད་ཕིགས་རང་བཞིན་དང་ཚན་རིག་རང་བཞིན་མཐོར་འདེགས་གཏོང་དགོས།   དཔེ་སྟོན་སྡེ་ཁག་དང་སྟོབས་ལྡན་དཔུང་སྡེ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་།   རྩ་འཛུགས་སྡེ་ཁག་རང་སྟེང་གི་འཛུགས་སྐྲུན་ལ་སྔར་ལས་ཤུགས་བསྣན་ནས་ཆབ་སྲིད་སྟེང་བློ་གཏད་ཆོག་པ་དང་ཏང་ལ་བློ་དཀར་བའི་རྩ་འཛུགས་བྱ་བའི་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན་བྱེད་དགོས་པ་དང་།    གཡུར་དུ་ཟ་བའི་གྲུབ་འབྲས་ཀྱིས་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ལ་སྐུལ་འདེད་གཏོང་བའི་ཐད་སྟོབས་དང་ལྡན་པའི་རྩ་འཛུགས་ཀྱི་འགན་སྲུང་འདོན་སྤྲོད་བྱེད་དགོས་ཟེར།