ཞི་ཅིན་ཕིང་གིས་དབྱི་ལང་དབྱི་ས་ལན་གྲོས་ཁང་གི་གྲོས་དཔོན་ལཱ་ལིས་ཅ་ནིས་ལ་མཇལ་འཕྲད་གནང་།
2019.02.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 41

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་ཉི་ཤུ་ཉིན། མི་དམངས་ཚོགས་ཁང་ཆེན་མོའི་ནང་དབྱི་ལང་དབྱི་ས་ལན་གྲོས་ཁང་གི་གྲོས་དཔོན་ལཱ་ལིས་ཅ་ནིས་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་བསྟན་དོན། ཁྲིམས་འཛུགས་སྡེ་ཁག་གི་འགྲོ་འོང་ནི་ཀྲུང་གོ་དང་དབྱི་ལང་གི་འཐབ་ཇུས་རོགས་རེས་འབྲེལ་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན། ཀྲུང་གོ་རྒྱལ་ཡོངས་དམངས་ཆེན་དང་དབྱི་ལང་དབྱི་སི་ལན་གྲོས་ཁང་གིས་བརྗེ་རེས་མཉམ་ལས་བྱ་བར་ཤུགས་བསྣན་ནས། ཕན་ཚུན་གྱི་རྒྱལ་སྐྱོང་སྲིད་འཛིན་ཉམས་མྱོང་བསྡུ་ལེན་བྱེད་པ་དང་། རྒྱལ་སྤྱི་དང་ས་ཁོངས་རྩ་འཛུགས་སྒྲོམ་གཞིའི་ནང་གི་འབྲེལ་འདྲིས་མཐུན་སྦྱོར་བྱེད་ཤུགས་ཇེ་དམ་དུ་གཏོང་བར་འབད་དེ། ཁྲིམས་འཛུགས་སྡེ་ཁག་གི་ཕྱོགས་གཉིས་ཀའི་འབྲེལ་བར་སྐུལ་འདེད་གཏོང་བ་སོགས་ཀྱི་བྱེད་ནུས་གལ་ཆེན་འདོན་སྤེལ་གང་ལེགས་བྱེད་དགོས་ཟེར།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་ཀུན་ཏུ་ས་གནས་ཞི་བདེ་ཡོང་བའི་སེམས་རྩ་བརྟན་པོ་ཡིད་ལ་བཅངས་ནས། རྒྱལ་སྤྱི་དང་ས་གནས་སོ་སོའི་མཉམ་ལས་བྱ་བར་ཤུགས་སྣོན་རྒྱག་གིན་ཡོད་ཅིང་། དབུས་ཤར་ས་ཁུལ་མགྱོགས་མོར་བརྟན་འཇགས་འཕེལ་རྒྱས་ཀྱི་བགྲོད་ལམ་སྟེང་བསྐྱོད་ཐུབ་པར་སྐུལ་འདེད་གཏོང་བཞིན་ཡོད་ཟེར།

ལཱ་ལིས་ཅ་ནིས་ཀྱིས་དབྱི་ལང་གི་ཆེས་མཐོ་བའི་འགོ་ཁྲིད་ཧ་མའེ་ནའེ་སི་དང་ཙུང་ཐུང་ལུའུ་ཧ་ནིས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་ཕུལ་བའི་འཚམས་འདྲི་བརྒྱུད་སྒྲོག་བྱས།

ཝང་ཁྲིན་དང་ཝང་དབྱི། ཧི་ལིས་ཧྥིན་སོགས་ཐེངས་འདིའི་མཇལ་འཕྲད་ལ་ཞུགས།