མཚོ་སྔོན་གྱིས་ཞིང་ཆེན་སྲིད་གྲོས་ཀྱི་ཞིང་ལས་དང་ཞིང་སྡེ་ཨུ་ཡོན་ལྷན་ཁང་དངོས་སུ་བཙུགས་པ་དང་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་བསྡུས།
2019.03.21 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 17

ཟླ་གསུམ་པའི་ཚེས་ཉི་ཤུ་ཉིན། མཚོ་སྔོན་གྱིས་ཞིང་ཆེན་སྲིད་གྲོས་ཞིང་ལས་དང་ཞིང་སྡེ་བྱ་བའི་ཨུ་ཡོན་ལྷན་ཁང་དངོས་སུ་བཙུགས་པ་དང་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་བསྡུས་ཤིང་། ཚོགས་ཐོག་ནས་རྒྱལ་ཡོངས་ཚོགས་ཆེན་གཉིས་དང་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བདུན་པའི་དགོངས་དོན་བརྒྱུད་སྒྲོག་དང་དེར་སློབ་སྦྱོང་བྱས་པར་མ་ཟད། ཨུ་ཡོན་ལྷན་ཁང་གི་ཉིས་སྟོང་བཅུ་དགུ་ལོའི་བྱ་བ་གཙོ་བོར་བཀོད་སྒྲིག་བྱས་པ་ལས་གཞན། ཨུ་ཡོན་འཐུབ་ཚབ་ཀྱིས་རང་འཁྲིའི་ལས་དོན་སྐོར་ནས་གཏམ་བཤད། ཞིང་ཆེན་དམངས་ཆེན་ཞིང་ཕྱུགས་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྲིད་གྲོས་གཞུང་སྒྲུབ་ཐིན། ཞིང་ཆེན་ཞིང་ལས་དང་ཞིང་སྡེ་ཐིན་བཅས་ཀྱི་འགན་ཁུར་བློ་མཐུན་ཚོགས་རར་ཐོན་ནས་མཛུབ་སྟོན་བྱས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཏུའུ་ཏི་ཀྲི་ཚོགས་འདུར་ཞུགས་ནས་གཏམ་བཤད།

ཏུའུ་ཏི་ཀྲི་ཡིས་བསྟན་དོན། ཞིང་ཆེན་སྲིད་གྲོས་ཀྱིས་གསར་དུ་བཙུགས་པའི་ཞིང་ལས་དང་ཞིང་སྡེ་བྱ་བའི་ཨུ་ཡོན་ལྷན་ཁང་ནི། མཚོ་སྔོན་སྲིད་གྲོས་འཕེལ་རྒྱས་ལོ་རྒྱུས་སྟེང་གི་ལས་དོན་ཆེན་པོ་ཞིག་ཡིན་ལ། ཕྱོགས་སོ་སོའི་ཐུན་མོང་གི་འབད་འབུངས་ལ་བརྟེན་ཏེ། གཞི་ནས་ཨུ་ཡོན་ལྷན་ཁང་འདི་ཉིད་ཀྱི་ཏང་ཙུའུ་འགོ་ཁྲིད་ཚན་ཁག་དང་ཀྲུའུ་རིན་འགོ་ཁྲིད་ཚན་ཁག ཨུ་ཡོན་བཅས་གཏན་འཁེལ་བྱུང་ནས། གཞུང་སྒྲུབ་ཁང་ཡང་འཛུགས་སྒྲུབ་བྱས་ཟིན་པས། མི་འགྱངས་པར་ཞིང་ལས་དང་ཞིང་སྡེ་བྱ་བའི་ཨུ་ཡོན་ལྷན་ཁང་དངོས་སུ་བཙུགས་ནས་ལས་དོན་སྒྲུབ་འགོ་རྩོམ་རྒྱུ་ཡིན་ཟེར།