མ་ཧེ་དབྱིན་གྱིས་རྟོག་ཞིབ་ཚན་ཁག་གི་སྣེ་ཁྲིད་ནས་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་འབྲི་སྟོད་རྫོང་ལ་སོང་ནས། འདྲི་རྟོག་ཆེན་མོ་དང་བརྟག་སེལ་ཆེན་མོ། རྟོག་ཞིབ་ཆེན་མོའི་བྱ་འགུལ་སྤེལ།
2019.03.21 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 30

ཉེ་ལམ། ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་ལྟར་དུ། ཞིང་ཆེན་སྲིད་གྲོས་ཀྲུའུ་ཞི་གཞོན་པ་མ་ཧེ་དབྱིན་གྱིས་རྟོག་ཞིབ་ཚན་ཁག་ཁྲིད་ནས་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་འབྲི་སྟོད་རྫོང་ལ་སོང་ནས། འདྲི་རྟོག་ཆེན་མོ་དང་བརྟག་སེལ་ཆེན་མོ།  རྟོག་ཞིབ་ཆེན་མོའི་བྱ་འགུལསྤེལ།

མ་ཧེ་དབྱིན་གྱིས་འབྲི་སྟོད་རྫོང་གི་འདྲི་རྟོག་ཆེན་མོ་དང་བརྟག་སེལ་ཆེན་མོ།  རྟོག་ཞིབ་ཆེན་མོའི་བྱ་འགུལ་ལ་ཁས་ལེན་གང་ལེགས་བྱས་པར་མ་ཟད། རྗེས་ཕྱོགས་ཀྱི་བྱ་བའི་ཐད་རེ་བ་བཏོན། ཁོས་ནན་གྱིས་བསྟན་དོན། རྫོང་ཏང་ཨུ་དང་རྫོང་སྲིད་གཞུངགིས་ཆབ་སྲིད་ཀྱི་ལངས་གནས་མཐོན་པོར་འགྲེང་ནས། ཉེན་ཁ་གཏན་འགོག་བྱེད་པའི་ཆབ་སྲིད་ཀྱི་རང་རྟོགས་དང་འགན་འཁུར་ཐེག་པར་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཉེན་ཁ་རིགས་ཆེ་གྲས་འགོག་སེལ་བྱེད་པའི་ཇུས་ཆོད་བཀོད་སྒྲིག་དག་དངོས་འབེབ་མཐར་ཕྱིན་བྱས་ནས། གནད་དོན་གྱི་གླེང་ཕྱོགས་རྒྱུན་འཁྱོངས་དང་གནད་དོན་རིགས་སོ་སོའི་སྦས་ཤུགས་སྔོག་འདོན་བྱས་ནས། བྱ་བའི་བྱེད་ཕྱོགས་གསར་སྐྲུན་དང་། བྱ་བའི་ཉམས་མྱོང་སྤྱི་བསྡོམས་བྱས་ནས། དུས་རབས་གསར་བའི་འབྲི་སྟོད་ཀྱི་ཉམས་མྱོང་གི་ཟམ་ཆེན་ཞིག་འགྲུབ་པར་བྱེད་དགོས། ཀྲུང་དབྱང་དབུལ་ཐར་མཁྲེགས་གཏོར་གྱི་སྐོར་ཞིབ་གནད་དོན་ལ་ཕྱོགས་བསྡུས་བཅོས་སྒྱུར་གྱི་བྱ་བ་ཤུགས་ཆེན་པོས་བསྒྲུབ་པ། ཕྱོགས་བསྡུས་བཅོས་སྒྱུར་གྱི་འགན་འཁུར་གཙོ་བོ་གསལ་ཐག་ཆོད་པ་དང་། དེ་དངོས་འབེབ་དོན་འཁྱོལ་བྱེད་པ། གནད་དོན་སྒྱུར་བཅོས་ལ་སྐུལ་འདེད་བཅས་བྱེད་དགོས། ཁངས་སྐྱོན་གནོད་འགོག་བྱ་བའི་ཁྲོད་ཀྱི་ཉམས་མྱོང་སྤྱི་བསྡོམས་བྱས་ནས། བྱ་བའི་སྒྲིག་སྲོལ་སྔར་ལས་འཐུས་ཚང་དུ་བཏང་སྟེ། གློ་བུར་དུ་བྱུང་བའི་དོན་རྐྱེན་ལ་ཁ་གཏད་གཞལ་བའི་ནུས་པ་མཐོར་འདེགས་སུ་གཏོང་དགོས།