ཝང་ཅན་ཅུན་གྱིས་འགོ་འཛིན་བྱས་ཏེ་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་གྲོས་ཚོགས་བསྡུས།
2019.03.25 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 45

ཟླ་གསུམ་པའི་ཚེས་ཉེར་གཉིས་ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུས་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། ཚོགས་ཐོག་ནས་ཀྲུང་དབྱང་གི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་བརྒྱུད་སྒྲོག་དང་དེར་སློབ་སྦྱོང་བྱས་པར་མ་ཟད། མཚོ་སྔོན་གྱི་ལག་བསྟར་བསམ་འཆར་ལ་ཞིབ་འཇུག་བྱས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས།

གྲོས་ཚོགས་ལས་བསྟན་དོན། ཏང་ཀྲུང་དབྱང་གིས་ད་ལོ་ནི་གཞི་རིམ་གྱི་འགན་ཁུར་ཇེ་ཡང་དུ་གཏོང་བའི་ལོ་ཞིག་ཏུ་བརྩིས་ཡོད་ཅིང་། ཕྱི་ཚུལ་རིང་ལུགས་ཀྱི་གནད་དོན་འབུར་ཐོན་ཐག་བཅད་དེ་གཞི་རིམ་གྱི་འགན་ཁུར་ཇེ་ཡང་དུ་གཏོང་རྒྱུ་དང་། ཤུགས་འདོན་དགོས་པ་བཞི་ལེགས་པོར་བསྒྲུབ་པ་ལ་ཆོས་ཉིད་ཡང་དག་འཛུགས་པ་དང་བླང་བྱ་མངོན་གསལ་བཏོན་ནས། བདེན་གཉེར་ནུས་ལྡན་གྱི་བྱེད་ཐབས་ལ་བརྟེན་ནས་རྒྱ་ཆེ་བའི་གཞི་རིམ་ལས་བྱེད་མང་ཚོགས་ཀྱི་རེ་བ་ཡིད་བཞིན་བསྐངས་ཡོད་ཅིང་།  གཞི་རིམ་གྱི་འགན་ཁུར་ཇེ་ཡང་དུ་གཏོང་བའི་བྱ་བར་ལྷོད་གཡེང་མི་བྱེད་པ་དང་། རྒྱ་ཆེ་བའི་ལས་བྱེད་པ་ཡོངས་ཀྱི་ཁག་ཁུར་བདེན་གཉེར་བྱེད་ཕྱོགས་ལ་སྐུལ་ལྕག་བཏང་བས། དེས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་ལས་དོན་དང་སྤྱོད་ལམ་འཛུགས་སྐྲུན་དམ་པོར་འཛིན་པའི་ཆོད་སེམས་བརྟན་པོ་མངོན་པར་མཚོན་ཡོད། ཞིང་ཆེན་ཡོངས་ཀྱི་གོང་འོག་བར་གསུམ་ཚང་མས་སློབ་སྦྱོང་ནན་མོ་བྱེད་པ་དང་བླང་བྱ་དངོས་ལྟར་ལས་དོན་བསྒྲུབ་པ། ཕྱི་ཚུལ་རིང་ལུགས་ལ་ལེགས་སྒྲིག་དང་གཞི་རིམ་གྱི་འགན་ཁུར་ཇེ་ཡང་དུ་གཏོང་བའི་ལས་དོན་ཆབ་སྲིད་ཀྱི་འོས་འགན་གལ་ཆེན་ཞིག་ཏུ་བརྩིས་ཏེ། མཚོ་སྔོན་གྱི་སྲིད་ཇུས་དངོས་འབེབས་ལོ་དང་གཞི་རིམ་གྱི་འགན་ཁུར་ཇེ་ཡང་དུ་གཏོང་བའི་ལོའི་བྱ་བའི་བཀོད་སྒྲིག་དང་གཞི་གཅིག་ཏུ་སྦྲེལ་ནས། རང་བདག་འགན་འཁྲི་ཇེ་དྲག་ཏུ་གཏོང་བ་དང་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་སྔར་ལས་ཇེ་དྲག་གཏོང་བ། སྒྲིག་ཁྲིམས་ནན་འཛིན་དང་འགན་འཁྲི་རྩད་ཞིབ་ནན་མོ་བྱེད་པ། བྱེད་ཕྱོགས་མཁྲེགས་གཏོར་དང་ཡུན་རིང་གི་ལས་དོན་གཉེར་བར་སྟོབས་ཤུགས་གཅིག་བསྡུས་བྱེད་པ་བཅས་ལ་འབད་མཐར། གཞི་རིམ་ལས་བྱེད་མང་ཚོགས་ལ་ཐོབ་འདོད་ཀྱི་ཚོར་བ་མིག་མཐོང་ལག་ཟིན་བསྐྲུན་དགོས་ཟེར།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཁྱོན་ཡོངས་ནས་སྔོན་རྩིས་ཕན་འབྲས་ལས་ཆོད་ལ་དོ་དམ་བྱེད་པའི་བྱ་བ་ལག་བསྟར་བྱེད་རྒྱུ་ནི། ནོར་སྲིད་ཐོན་ཁུངས་ཀྱི་སྒྲིག་གཞི་ལེགས་བཅོས་གཏོང་བ་དང་སྤྱི་བའི་ཞབས་ཞུའི་སྤུས་ཚད་ཇེ་མཐོར་གཏོང་བའི་གནད་འགག་གི་བྱེད་ཐབས་ཤིག་ཡིན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་ཁྲིད་སྟོན་དུ་བཟུང་ནས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཁྱོན་ཡོངས་ནས་ཕན་འབྲས་ལས་ཆོད་ལ་དོ་དམ་བྱེད་པའི་སྤྱིའི་བླང་བྱ་ལྟར་དུ། ཕན་འབྲས་ལས་ཆོད་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་དང་། ཁྱོན་ཡོངས་ཅན་དང་གོ་རིམ་ཆ་ཚང་ལྡན་པ། ངོས་ཆ་ཚང་ཁེབས་པར་བྱེད་པ་བཅས་ཀྱི་སྔོན་རྩིས་ཕན་འབྲས་ལས་ཆོད་ལ་དོ་དམ་བྱེད་པའི་མ་ལག་གྲུབ་པར་བྱེད་པ། སྔོན་རྩིས་དང་ཕན་འབྲས་ལས་ཆོད་ལ་དོ་དམ་བྱེད་པའི་གཞི་གཅིག་ཅན་མངོན་དུ་འགྱུར་བར་བྱས་ཏེ། ཤུགས་ཆེན་པོས་ནོར་སྲིད་ཐོན་ཁུངས་ཀྱི་སྒྲིག་གཞིའི་ཕན་འབྲས་དང་བཀོལ་སྤྱོད་ཕན་འབྲས་ཇེ་མཐོར་གཏང་སྟེ། ནོར་དོན་དོ་དམ་ནུས་པ་དང་ཆུ་ཚད་མངོན་གསལ་གྱིས་ཇེ་མཐོར་གཏོང་དགོས་ཟེར།

གྲོས་ཚོགས་ལས་ད་དུང་ཀྲུང་དབྱང་དབུལ་ཐར་མཁྲེགས་གཏོར་གྱི་ཆེད་དོན་སྐོར་ཞིབ་ལེགས་སྒྲིག་དང་འབྲེལ་བའི་ཆེད་དོན་དམངས་གཙོ་འཚོ་བའི་གྲོས་ཚོགས་སྐོར་གྱི་རྒྱུ་ཆར་གྲོས་ཞིབ་བྱས་པར་མ་ཟད། ལས་དོན་གཞན་ལའང་ཞིབ་འཇུག་བྱས།