ཝང་ཡུས་པའོ་མཚོ་སྔོན་ཞིང་ཆེན་དམིགས་འབེན་ལས་འགན་ལེགས་འགྲུབ་སྐུལ་འདེད་ཚོ་ཆུང་གི་ཚོགས་འདུར་ཞུགས།
2019.03.25 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 19

ཟླ་གསུམ་པའི་ཚེས་ཉེར་གཉིས་ཉིན།  ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན།  ཧྲིན་ཀྲང་གཞོན་པ་ཝང་ཡུས་པའོ་མཚོ་སྔོན་ཞིང་ཆེན་དམིགས་འབེན་ལས་འགན་ལེགས་འགྲུབ་སྐུལ་འདེད་ཚོ་ཆུང་གི་ཚོགས་འདུར་ཞུགས་ནས་འགོ་འཛིན་བྱས་ཏེ།  དུས་ཚིགས་དང་པོའི་དཔལ་འབྱོར་གནས་བབ་ལ་དབྱེ་ཞིབ་བྱས་པ་དང་རྗེས་ཕྱོགས་ཀྱི་བྱ་བ་གལ་ཆེན་ལ་ཞིབ་འཇུག་བྱས་ཤིང་།  ཧྲུའུ་ཅི་ཝང་ཅན་ཅིན་དང་ཧྲིན་ཀྲང་ལིག་ཉིན་གཉིས་ཀྱིས་བཏོན་པའི་བྱ་བའི་བླང་བྱ་ལྟར། ཟླ་རེ་དང་དུས་ཚིགས་རེའི་ལས་དོན་གང་ཡིན་ཡང་ལོ་ཧྲིལ་བོའི་དམིགས་འབེན་གཙོར་བཟུང་ནས།  ཟླ་རེའི་བྱ་བས་དུས་ཚིགས་རེའི་བྱ་བར་འགན་སྲུང་བྱེད་པ་དང་། དུས་ཚིགས་ཀྱི་བྱ་བས་ལོ་ཧྲིལ་བོའི་བྱ་བར་འགན་སྲུང་བྱེད་དགོས།

ཚོགས་འདུ་ལས་བསྟན་དོན།  དུས་ཚིགས་དང་པོར།  ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཉིན་བརྒྱའི་མཁྲེགས་གཏོར་ཆེད་དོན་འགུལ་སྐྱོད་ལག་བསྟར་ནན་མོ་བྱས་ཏེ། ནན་ཏན་སྒོས་བྱ་བ་སྣ་ཚོགས་ལ་སྐུལ་འདེད་གཏོང་བ་དང་།  ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་སྤྱིའི་ཆ་ནས་བརྟན་པོ་ཡོང་བར་བྱས་ཏེ།  བརྟན་འཇགས་ཁྲོད་འཕེལ་རྒྱས་དང་བརྟན་འཇགས་ཁྲོད་དགེ་མཚན་ལྡན་པར་བྱེད་དགོས།  གནས་བབ་ངོས་འཛིན་གསལ་བོ་བྱས་ཏེ།  བྱེད་ཐབས་ཤུགས་དྲག་དང་ལྷོད་གཡེང་མེད་པ་དང་ཞིམ་པ་མེད་པ། བློ་རྩ་བརྟན་པོས་ལས་དོན་ལེགས་འགྲུབ་བྱེད་དགོས།

ཝང་ཡུས་པའོ་ཡིས་ནན་གྱིས་བསྟན་དོན།  འགུལ་སྐྱོད་ཁ་ཕྱོགས་ཤུགས་དྲག་ཏུ་བཏང་ནས།  ངེས་པ་དོན་གྱིས་འགུལ་སྐྱོད་བྱ་འགུལ་སྤེལ་དགོས།   མཇུག་འབྲས་ཁྲིད་སྟོན་ཤུགས་ཆེར་བཏང་ནས།  མཇུག་འབྲས་དང་དམིགས་འབེན་གཅིག་གྱུར་བྱེད་དགོས།  བྱ་བའི་མི་འདང་སར་དམིགས་ནས།  གནད་འཁེལ་སྲིད་ཇུས་ཀྱིས་དམིགས་འབེན་སྲུང་སྐྱོབ་བྱེད་པ་དང།   ཁྱོན་ཡོངས་ནས་ཁྲལ་འཕྲི་ཡོན་གཅོག་བྱེད་ཐབས་དངོས་འབེབས་བྱེད་པ་དང་།  བཟོ་ལས་བསྐྱར་ལས་བསྐྱར་ཐོན་གཙོར་འཛིན་དགོས། འཛད་སྤྱོད་སྐུལ་འདེད་བྱ་འགུལ་སྤེལ་ནས། འཛད་སྤྱོད་ཀྱི་གཏིང་ཤུགས་སྐུལ་སྤེལ་གཏོང་དགོས།  ནོར་ཁུངས་འཛུག་སྐྲུན་ལ་ཤུགས་སྣོན་བྱས་ཏེ།  ནོར་སྲིད་གཏོང་ཡོང་བརྟན་པོར་ཡོང་བར་ཁག་ཐེག་བྱེད་དགོས།   ལས་ཞུགས་དང་འཕར་སྣོན།  འགན་སྲུང་མ་ལག་སོགས་ལས་དོན་གལ་ཆེན་གཅིག་གྱུར་འཆར་འགོད་དང་སྐུལ་འདེད་བཏང་སྟེ། དམངས་ཚིས་ལེགས་བཅོས་ལ་སྐུལ་འདེད་གཏོང་དགོས།  རྣམ་གྲངས་གལ་ཆེན་དངོས་འབེབས་ལག་བསྟར་བྱེད་པར་སྐུལ་འདེད་བཏང་ནས།  བརྟན་འཇགས་འཕར་སྣོན་འབྱུང་བར་ནུས་ཤུགས་གང་ཡོད་འདོན་དགོས།   སྤྱི་ཡོངས་འཆར་འགོད་བྱས་ཏེ།  ལག་ལེན་སྲིད་ཇུས་ལ་ཞིབ་འཇུག་གཏིང་ཟབ་བྱེད་པ་དང་འོས་འགན་དངོས་ཁུར་བྱེད་པར་ཤུགས་སྣན་ནས་ནུས་ཤུགས་གཅིག་བསྡུས་ཀྱིས་དངོས་འབེབས་དོན་འཁྱོལ་བྱེད་དགོས་ཟེར།