ཟླ་གསུམ་པའི་ཚེས་ཉེར་བདུན་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཧེ་ནན་ཞིང་ཆེན་དུ་པོ་ཨའོ་ཨེ་ཤ་ཡ་གླེང་སྟེགས་ཀྱི་ཉིས་སྟོང་བཅུ་དགུ་ལོའི་ལོ་ཚོགས་ལ་ཞུགས་པར་ཡོང་བའི་ལུའུ་སིན་པོའི་དབུ་བཞུགས་བློན་ཆེན་པེ་ཐེ་ཨར་ལ་མཇལ་འཕྲད་གནང་།
ཟླ་གསུམ་པའི་ཚེས་ཉེར་བདུན་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཧེ་ནན་ཞིང་ཆེན་དུ་པོ་ཨའོ་ཨེ་ཤ་ཡ་གླེང་སྟེགས་ཀྱི་ཉིས་སྟོང་བཅུ་དགུ་ལོའི་ལོ་ཚོགས་ལ་ཞུགས་པར་ཡོང་བའི་ལུའུ་སིན་པོའི་དབུ་བཞུགས་བློན་ཆེན་པེ་ཐེ་ཨར་ལ་མཇལ་འཕྲད་གནང་།
ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོ་དང་ལུའུ་སིན་པོའི་འབྲེལ་བ་བརྟན་འཇགས་སྒོས་འཕེལ་རྒྱས་སུ་འགྲོ་བཞིན་ཡོད། རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཐད་ལ་ཁ་གསབ་རང་བཞིན་དྲག་པོ་ལྡན་པས། ང་ཚོས་ལུའུ་སིན་པོ་ཕྱོགས་དང་མཉམ་དུ་ཕན་ཚུན་ལ་སྒོ་འབྱེད་ཚད་ཇེ་ཆེར་གཏོང་བ་དང་ཆབ་སྲིད་དང་དཔལ་འབྱོར་འབྲེལ་བར་ཤུགས་སྣོན་ཞིང་དངོས་གཉེར་མཉམ་ལས་དང་ལྷག་པར་དུ་དངུལ་རྩའི་མཉམ་ལས་ལ་ཤུགས་བསྣན་ནས། མཉམ་དུ་འཕེལ་རྒྱས་སུ་འགྲོ་བ་མངོན་འགྱུར་བྱེད་འདོད་ཡོད། ལུའུ་སིན་པོ་ནི་ཡོ་རོབ་མནའ་འབྲེལ་གྱི་ཁོངས་མི་གཙོ་བོ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཡོ་རོབ་གླིང་གཞི་གཅིག་ཅན་ལ་རྒྱབ་སྐྱོར་བྱེད་པ་དང་། ཕྱོགས་གཉིས་ཀྱིས་ནམ་ཟླའི་འགྱུར་ལྡོག་ལ་ཁ་གཏད་འཇལ་བ་དང་སྣ་མང་རིང་ལུགས་སྲུང་སྐྱོབ་དང་རང་མོས་ཉོ་ཚོང་གནད་དོན་ཐད་ལ་ལངས་ཕྱོགས་མི་འདྲ་བཟུང་ཡོད། ཡོ་རོབ་གླིང་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་ཀྱི་ཁེ་ལས་ཀྱིས་མཉམ་ལས་བྱེད་པ་དང་འགྲན་རྩོད་ལ་འདྲ་མཉམ་གྱི་ཁོར་ཡུག་འདོན་སྤྲོད་བྱེད་དགོས་ཟེར།
པེ་ཐེ་ཨར་གྱིས་བཤད་རྒྱུར། ལུའུ་སིན་པོ་དང་ཀྲུང་གོའི་འབྲེལ་བ་ཧ་ཅང་བཟང་། ལུའུ་སིན་པོ་ཕྱོགས་ཀྱིས་རྦད་ཆོད་སྒོས་ཡོ་རོབ་གླིང་དང་ཀྲུང་གོའི་འཕེལ་རྒྱས་འཛུགས་སྐྲུན་རང་བཞིན་གྱི་གྲོགས་པོའི་འབྲེལ་བར་རྒྱབ་སྐྱོར་བྱེད་པ་དང་། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་ལ་རྒྱབ་སྐྱོར་བྱེད་པར་མ་ཟད། ཀྲུང་གོ་ཕྱོགས་དང་མཉམ་དུ་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་སྤེལ་འདོད་ཡོད། ཕྱོགས་གཉིས་ཀྱིས་སྣ་མང་རིང་ལུགས་ལ་རྒྱབ་སྐྱོར་བྱེད་དགོས་པར་མ་ཟད་མ་འོངས་པ་གསར་སྐྲུན་བྱེད་པའི་སྙིང་སྟོབས་བཅངས་ཏེ་མཛེས་པའི་མ་འོངས་པ་མཉམ་སྐྲུན་བྱེད་དགོས་ཟེར།