ཁོང་ཡུང་གིས་ཟི་ལིང་གི་ས་ཁང་བདག་ཁོངས་ཁྲོམ་རའི་འཁོར་རྒྱུག་གནས་ཚུལ་ལ་རྟོག་ཞིབ་བྱས།
2019.04.25 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 37

ཟླ་བཞི་བའི་ཚེས་ཉེར་བཞི་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཁོང་ཡུང་གིས་ཟི་ལིང་གྲོང་ཁྱེར་གྱི་ཡུལ་དངོས་ནས་ས་ཁང་བདག་ཁོངས་ཐོན་ལས་འཕེལ་རྒྱས་འཁོར་རྒྱུག་གནས་ཚུལ་ལ་རྟོག་ཞིབ་བྱས་པ་དང་། འབྲེལ་ཡོད་སྡེ་ཁག་དང་ས་ཁང་བདག་ཁོངས་ཁེ་ལས་འགན་ཁུར་མི་སྣ་དང་ལྷན་དུ་བཞུགས་མོལ་བྱས་པར་མ་ཟད། མིག་སྔའི་གནས་སྟངས་ལ་ཞིབ་འཇུག་བརྡར་གཅོད་བྱས་པ་ལས་གཞན། མ་འོངས་པའི་བྱ་བར་བཀོད་སྒྲིག་བྱས།

ཁོང་ཡུང་གིས་འབྲེལ་ཡོད་སྡེ་ཁག་གི་དུས་ཚིགས་དང་པོའི་ནང་གི་ས་ཁང་བདག་ཁོངས་གནས་ཚུལ་སྙན་ཞུར་ཉན་རྗེས་བསྟན་དོན། མཚོ་སྔོན་གྱི་དུས་ཚིགས་དང་པོའི་ནང་གི་ས་ཁང་བདག་ཁོངས་ཐོན་ལས་ཀྱི་འབྲེལ་ཡོད་གཞི་འཛིན་གྲངས་ཀར་བལྟས་ན། སྤྱིའི་ཆ་ནས་ས་ཁང་བདག་ཁོངས་ཀྱི་ཡིད་ཆས་སྔར་ལས་ཇེ་ཆེར་འགྲོ་བཞིན་ཡོད་ནའང་། དངུལ་རྩ་སོགས་ཀྱི་དངོས་ཡོད་དཀའ་ཁག་མང་པོར་འཕྲད་ཀྱིན་ཡོད་པས། མ་འོངས་པར། མིག་སྔའི་མཚོ་སྔོན་གྱི་ས་ཁང་བདག་ཁོངས་ཐོན་ལས་ཀྱི་འཕེལ་རྒྱས་དུས་རིམ་ལ་གོ་བ་ཡང་དག་ལེན་པ་དང་། མཚོ་སྔོན་གྱི་ས་ཁང་བདག་ཁོངས་ཐོན་ལས་ལ་ཞིབ་འཇུག་དང་བརྡར་ཤ་ལེགས་པོ་གཅོད་པ། ཁ་གཏད་རང་བཞིན་གསལ་བའི་སྒོ་ནས་བྱ་བ་བཟང་བོར་བསྒྲུབ་པ། བདེན་གཉེར་གྱི་བྱེད་ཕྱོགས་རིམ་པར་འཐེན་པ་བཅས་བྱས་ཏེ། མཚོ་སྔོན་གྱི་ས་ཁང་བདག་ཁོངས་བྱ་བ་སྤུས་ཚད་མཐོ་བའི་ངང་འཕེལ་བར་འགན་སྲུང་བྱེད་དགོས་ཟེར།

ཡིག་སྒྱུར་བ། བན་དེ་སྐྱབས།