ཟླ་ལྔ་བའི་ཚེས་བཅུ་བཞི་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཡ་མེ་ཉི་ཡའི་ཙུང་ལི་ཕ་ཞི་ཉི་ཡང་ལ་མཇལ་འཕྲད་གནང་།
ཟླ་ལྔ་བའི་ཚེས་བཅུ་བཞི་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཡ་མེ་ཉི་ཡའི་ཙུང་ལི་ཕ་ཞི་ཉི་ཡང་ལ་མཇལ་འཕྲད་གནང་།
ཞི་ཅིན་ཕིང་གིས་གསུངས་རྒྱུར། དེང་སྐབས་ཀྲུང་གོ་དང་ཨ་མེ་ཉི་ཡའི་མཛའ་མཐུན་མཉམ་ལས་འབྲེལ་བ་བརྟན་འཇགས་ངང་འཕེལ་རྒྱས་སུ་འགྲོ་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཡ་མེ་ཉི་ཡ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་དཔལ་ཡོན་ཐད་ནས་ཕན་ཚུན་ལ་སློབ་སྦྱོང་དང་ཕན་ཚུན་དཔྱད་གཞིར་འཛིན་པར་སྐུལ་འདེད་བཏང་ནས། ཀྲུང་གོ་དང་ཡ་མེ་ཉི་ཡའི་མཛའ་མཐུན་འབྲེལ་བ་སྲ་བརྟན་དུ་གཏོང་བ་དང་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པར་ནུས་ལྡན་འདེགས་ཤུགས་འདོན་སྤྲོད་བྱེད་པ་དང་། ས་གནས་ཀྱི་འཕེལ་རྒྱས་མཉམ་ལས་ཐད་ལ་སྒུལ་ཤུགས་གསར་བ་སྣོན་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཡ་མེ་ཉི་ཡ་དང་མཉམ་དུ་མཉམ་ལས་ཀྱི་སྦས་ཤུགས་སྔོག་འདོན་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་ཉོ་ཚོང་དངུལ་གཏོང་དང་གཏེར་ཐོན་གསར་སྤེལ། རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་སོགས་ཁྱབ་ཁོངས་ནས་དངོས་གཉེར་མཉམ་ལས་བྱས་ནས་དོན་དངོས་ཀྱི་གྲུབ་འབྲས་མང་བོ་ལེན་འདོད་ཡོད་ཡོད་ཟེར།
ཕ་ཞི་ཉི་ཡང་གིས་བཤད་རྒྱུར། ཡ་མེ་ཉི་ཡ་དང་ཀྲུང་གོ་ནི་དཔལ་ཡོན་གནའ་བོའི་རྒྱལ་ཁབ་ཡིན་པ་དང་ལོ་རྒྱུས་སྟེང་དུ་ཉོ་ཚོང་དང་རིག་གནས་འབྲེལ་འདྲིས་དམ་པོ་ཡོད། ཡ་མེ་ཉི་ཡ་ཕྱོགས་ཀྱིས་འཐབ་ཇུས་ཀྱི་མཐོ་ཚད་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་ལྟ་ཚུལ་ཡང་དག་པ་འཛིན་པར་མ་ཟད། ཧུར་ཐག་སྒོས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་ཁྲོད་དུ་ཞུགས་འདོད་ཡོད་ཟེར།