རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་རྟོག་ཞིབ་ཚན་ཆུང་གི་མི་གྲངས་ཅུང་ཉུང་བའི་མི་རིགས་ལ་རོགས་སྐྱོར་བྱེད་པའི་བཞུགས་མོལ་ཚོགས་འདུ་ཟི་ལིང་ནས་བསྡུས།
2019.05.16 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 19

ཟླ་ལྔ་བའི་ཚེས་བཅོ་ལྔ་ཉིན།   རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་རྟོག་ཞིབ་ཚན་ཆུང་གི་མི་གྲངས་ཅུང་ཉུང་བའི་མི་རིགས་ལ་རོགས་སྐྱོར་བྱེད་པའི་བཞུགས་མོལ་ཚོགས་འདུ་ཟི་ལིང་ནས་བསྡུས།   ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན།   འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་མགོན་པོ་བཀྲ་ཤིས་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།   ཧྲིན་ཀྲང་གཞོན་པ་དབྱང་ཧྥིན་ཁྲུན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས།

གྲོས་ཚོགས་སྟེང་།   མཚོ་ཤར་གྲོང་ཁྱེར་གྱིས་ཉིས་སྟོང་བཅུ་དགུ་ལོའི་རྒྱལ་ཡོངས་མི་གྲངས་ཅུང་ཉུང་བའི་མི་རིགས་དབུལ་ཐར་མཁྲེགས་གཏོར་བྱས་ཏེ་འབྱོར་འབྲིང་སྤྱི་ཚོགས་སུ་བསྐྱོད་པའི་ཡུལ་དངོས་སྐུལ་འདེད་གྲོས་ཚོགས་ཀྱི་གྲ་སྒྲིག་གནས་ཚུལ་ཡར་ཞུ་བྱས་པ་དང་།   ཞིང་ཆེན་མི་རིགས་ཆོས་ལུགས་བྱ་བའི་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་ཞིང་ཆེན་གྱི་མི་གྲངས་ཅུང་ཉུང་བའི་མི་རིགས་འཕེལ་རྒྱས་གནས་ཚུལ་ཡར་ཞུ་བྱས་ཏེ་ཚོགས་ཞུགས་བློ་མཐུན་ཚོ་དང་ལྷན་དུ་བཞུགས་མོལ་བརྗེ་རེས་བྱས།   རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་དཔལ་འབྱོར་འཕེལ་རྒྱས་ཟི་ཡི་ཟི་ཀྲང་ཀྲང་ཀྲི་ཀང་གིས་རྟོག་ཞིབ་ཚན་ཆུང་གི་ཚབ་བྱས་ཏེ་མཚོ་སྔོན་ཞིང་ཆེན་གྱི་མི་གྲངས་ཅུང་ཉུང་བའི་མི་རིགས་འདུས་སྡོད་ས་ཁུལ་གྱི་འཕེལ་རྒྱས་བྱ་བར་ཁས་ལེན་གང་ལེགས་བྱས་པར་མ་ཟད།  བསམ་འཆར་དང་གྲོས་གཞི་བཏོན།

མགོན་པོ་བཀྲ་ཤིས་ཀྱིས་བསྟན་དོན།   ཐེངས་འདིའི་རྟོག་ཞིབ་ནི་མཚོ་སྔོན་ཞིང་ཆེན་གྱི་མི་གྲངས་ཅུང་ཉུང་བའི་མི་རིགས་འཕེལ་རྒྱས་བྱ་བའི་བསྟོད་སྐུལ་དང་རོགས་སྐྱོར་ཡིན་པ་དང་།   ནུས་ཡོད་ཀྱི་སྐུལ་ལྕག་ཀྱང་ཡིན།   རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་ཞིང་ཆེན་དུ་རྒྱལ་ཡོངས་མི་གྲངས་ཅུང་ཉུང་བའི་མི་རིགས་དབུར་ཐར་མཁྲེགས་གཏོར་བྱས་ཏེ་འབྱོར་འབྲིང་སྤྱི་ཚོགས་སུ་བསྐྱོད་པའི་ཡུལ་དངོས་སྐུལ་འདེད་གྲོས་ཚོགས་བསྡུ་རྒྱུ་གཏན་ཁེལ་བྱས་པ་དེ་ནི་མཚོ་སྔོན་ཞིང་ཆེན་གྱི་མི་གྲངས་ཅུང་ཉུང་བའི་མི་རིགས་འཕེལ་རྒྱས་རོགས་སྐྱོར་བྱ་བར་ཁས་ལེན་གང་ལེགས་བྱས་པ་ཡིན་པས།   སྐུལ་འདེད་གྲོས་ཚོགས་ཀྱི་དོན་སྙིང་གལ་ཆེན་ལ་གོ་བ་ཡང་དག་ལོན་པར་བྱེད་པ་དང་།  ཁྱད་ཆོས་འབུར་དུ་ཐོན་པར་བྱེད་པ།  གྲོས་ཚོགས་བཟང་བོར་བསྡུས་ནས་མཚོ་སྔོན་གྱི་གཏམ་རྒྱུད་བཟང་བོར་བཤད་དགོས།    ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མི་གྲངས་ཅུང་ཉུང་བའི་མི་རིགས་འཕེལ་རྒྱས་རོགས་སྐྱོར་གྱི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་གཟབ་ནན་གྱིས་ལག་བསྟར་དོན་འཁྱོལ་བྱེད་དགོས་པ་དང་།   ཡུལ་དངོས་སྐུལ་འདེད་གྲོས་ཚོགས་གོ་སྐབས་སུ་བྱས་ཏེ་མཚོ་སྔོན་ཞིང་ཆེན་གྱི་མི་གྲངས་ཅུང་ཉུང་བའི་མི་རིགས་འཕེལ་རྒྱས་རོགས་སྐྱོར་བྱ་བ་སྐས་རིམ་གསར་བ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་དགོས་ཟེར།

དབྱང་ཧྥིན་ཁྲུན་གྱིས་ནན་གྱིས་བསྟན་དོན།   འབྲེལ་ཡོད་ས་ཁུལ་དང་སྡེ་ཁག་སོ་སོས་རྒྱལ་ཡོངས་མི་གྲངས་ཅུང་ཉུང་བའི་མི་རིགས་དབུལ་ཐར་མཁྲེགས་གཏོར་བྱས་ཏེ་འབྱོར་འབྲིང་སྤྱི་ཚོགས་སུ་བསྐྱོད་པའི་ཡུལ་དངོས་སྐུལ་འདེད་གྲོས་ཚོགས་ཀྱི་གྲ་སྒྲིག་བྱ་བར་མཐོང་ཆེན་ཚད་མཐོན་པོ་བྱས་ཏེ་འགན་འཁྲི་དོན་འཁྱོལ་བཟང་བོ་བྱེད་པ་དང་།   ཉམས་མྱོང་སྤྱི་བསྡོམས་དང་ལྟ་སྦྱོང་བྱེད་གནས་ལེགས་འདེམས་བྱེད་པ།   གྲོས་ཚོགས་ཀྱི་ཞབས་ཞུར་འགན་སྲུང་བཟང་བོ་བྱེད་པ།   ཁོར་ཡུག་བཟང་བོ་བསྐྲུན་པ། གནད་འགག་བྱ་བ་བརྗེ་རེས་མཐུན་སྦྱོར་བཟང་བོ་བྱས་ཏེ་གྲོས་ཚོགས་ཀྱི་དགོངས་དོན་དྲིལ་སྒྲོག་བཟང་བོ་བྱེད་དགོས་ཟེར།