གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་ཐོག་མའི་སེམས་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོའི་བྱ་བའི་གྲོས་ཚོགས་བསྡུས།
2019.06.12 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 25

ཟླ་དྲུག་པའི་ཚེས་བཅུ་ཉིན། གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་ཐོག་མའི་སེམས་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོའི་བྱ་བའི་གྲོས་ཚོགས་བསྡུས། གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅུ་ཡེ་ཝན་ལིན་གྱིས་སྣེ་ཁྲིད་དེ་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཐོག་མའི་སེམས་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོའི་བྱ་བའི་གྲོས་ཚོགས་དང་ཡིག་ཆའི་དགོངས་དོན་ལ་སློབ་སྦྱོང་བྱས་པ་དང་གུང་གཞོན་ཚོགས་པའི་བརྗོད་དོན་སློབ་གསོར་སྐུལ་སློང་བཀོད་སྒྲིག་བྱས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་བརྗོད་དོན་སློབ་གསོའི་སྐོར་ཐེངས་བརྒྱད་པའི་འཛུབ་སྟོན་ཚན་ཆུང་གི་ཚན་གཙོ་ལིས་ཡུང་གྲོས་ཚོགས་ལ་ཞུགས་པ་མ་ཟད་གཏམ་བཤད། གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡི་ཁོངས་མི་དང་ཨུ་ཡོན་ལྷན་ཁང་ཁོངས་གཏོགས་ལུས་ཁུངས་གི་ཏང་ཡོན་ལས་བྱེད་པ་སོགས་ཚོགས་འདུར་ཞུགས། 

 གྲོས་ཚོགས་ལས་བསྟན་དོན། རྫོང་དང་ཁྲུའུ་རིམ་པ་ཡན་གྱི་མགོ་ཁྲིད་ལས་བྱེད་པ་གཙོ་བོར་བཟུང་སྟེ་ཐོག་མའི་སེམས་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོ་སྤེལ་བ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་རླབས་ཆེན་འཐབ་རྩོད་དང་རླབས་ཆེན་ལས་གཞི། རླབས་ཆེན་བྱ་གཞག་རླབས་ཆེན་ཕུགས་བསམ་བཅས་ལ་གཅིག་འདོམས་བྱེད་པའི་ཐད་ཀྱི་བཀོད་སྒྲིག་གལ་ཆེན་ཡིན། བརྗོད་དོན་སློབ་གསོ་ནི་གུང་གཞོན་ཚོགས་པས་ཏང་ལ་ན་གཞོན་དང་མང་ཚོགས་བྱ་བ་བཟང་པོར་སྒྲུབ་པའི་ཐབས་ལམ་གཙོ་བོར་འགྱུར་བར་བྱེད་དགོས། བརྗོན་དོན་སློབ་གསོ་བརྒྱུད་དེ་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་གུང་གཞོན་ཚོགས་པའི་ཆབ་སྲིད་མོས་མཐུནདང་བསམ་བློ་མོས་མཐུན། གཞུང་ལུགས་མོས་མཐུན་བཅས་ཇེ་དྲག་ཏུ་གཏོང་བ་དང་། ལུས་ཁུངས་ཀྱི་ཏང་རྩ་འཛུགས་འཛུགས་སྐྲུན་སྔར་ལས་ཤུགས་ཆེན་བྱེད་པ། རྒྱ་ཆེའི་ན་གཞོན་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པ་དང་མཚོ་སྔོན་གསར་བ་འཛུགས་སྐྲུན་གྱི་འཕེལ་རིམ་ཁྲོད་དུ་ལང་ཚོའི་གསོན་ཤུགས་མངོན་པར་བྱེད་པར་བྱེད་དགོས་ཟེར།