ཀྲུང་དབྱང་ནག་འཇོམས་ངན་སེལ་ལྟ་སྐུལ་མཛུབ་སྟོན་ཚན་ཁག་བཅོ་བརྒྱད་པས་མཚོ་ཤར་གྲོང་ཁྱེར་དང་མཚོ་ལྷོ་ཁུལ་གྱི་བྱ་བར་ལྟ་སྐུལ་མཛུབ་སྟོན་བྱས།
2019.06.14 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 48

ཟླ་དྲུག་པའི་ཚེས་བཅུ་གཉིས་ཉིན། ཀྲུང་དབྱང་ནག་འཇོམས་ངན་སེལ་ལྟ་སྐུལ་མཛུབ་སྟོན་ཚན་ཁག་བཅོ་བརྒྱད་པ་སྔ་གཞུག་ཏུ་མཚོ་ཤར་གྲོང་ཁྱེར་དང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཏུ་སོང་ནས། ས་གནས་གཉིས་ཀྱི་བྱ་བར་ལྟ་སྐུལ་མཛུབ་སྟོན་བྱས།

ཚེས་བཅུ་གཉིས་ཉིན་གྱི་སྔ་དྲོར། ཀྲུང་དབྱང་ནག་འཇོམས་ངན་སེལ་ལྟ་སྐུལ་མཛུབ་སྟོན་བཅོ་བརྒྱད་པའི་ལྟ་སྐུལ་མཛུབ་སྟོན་ཚན་ཆུང་གསུམ་པ་མཚོ་ཤར་གྲོང་ཁྱེར་དུ་སོང་ནས་བྱ་བའི་སྙན་ཞུ་ཚོགས་འདུ་བསྡུས། ལྟ་སྐུལ་མཛུབ་སྟོན་ཚན་ཆུང་གསུམ་པའི་ཚན་གཙོ་ཀྲང་ཁི་ཚོགས་འདུར་ཞུགས་ནས་གཏམ་བཤད། མཚོ་ཤར་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲི་ཀྲང་ཝང་ལེན་པིའོ་ཡིས་མཚོ་ཤར་གྲོང་ཁྱེར་གྱི་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་སྤེལ་བའི་གནས་ཚུལ་སྙན་ཞུར་ཕུལ།

ཀྲང་ཁི་ཡིས་བསྟན་དོན། ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་བཟོས་པའི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་ཞིག་ཡིན་ལ། ཏང་ཡོངས་དང་རྒྱལ་ཡོངས་ཀྱི་ཆབ་སྲིད་འོས་འགན་གལ་ཆེན་ཞིག་ཀྱང་ཡིན། མཚོ་ཤར་གྱིས་གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གི་འགོ་ཁྲིད་བརྟན་པོའི་འོག་དང་། གྲོང་ཁྱེར་ནག་འཇོམས་ངན་སེལ་གཞུང་སྒྲུབ་ཁང་གི་མཛུབ་སྟོན་མཐུན་སྦྱོར་འོག་ནས། བློ་ཐག་རྦད་ཆོད་སྒོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་དགོངས་དོན་གལ་ཆེན་དང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དངོས་འབེབས་མཐར་ཕྱིན་བྱས་ཏེ། ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ལ་དུས་རིམ་རང་བཞིན་གྱི་རྒྱལ་ཁ་ཐོབ་པར་བརྩོན་ལེན་བྱེད་དགོས་ཟེར།

ཚེས་བཅུ་གཉིས་ཉིན་གྱི་ཕྱི་དྲོར། ཀྲུང་དབྱང་ནག་འཇོམས་ངན་སེལ་ལྟ་སྐུལ་མཛུབ་སྟོན་ཚན་ཁག་བཅོ་བརྒྱད་པའི་ལྟ་སྐུལ་མཛུབ་སྟོན་ཚན་ཆུང་དང་པོ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཏུ་སོང་ནས་བྱ་བའི་སྙན་ཞུ་གྲོས་ཚོགས་བསྡུས་ཤིང་། ལྟ་སྐུལ་མཛུབ་སྟོན་ཚན་ཆུང་དང་པོའི་ཚན་གཙོ་ཁྲིན་ལང་ཅེ་ཚོགས་འདུར་ཞུགས་ནས་གཏམ་བཤད། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཏང་ཨུའི་ཧྲུའུ་ཅི་ཀྲང་ཝུན་ཁོས་ཀྱིས་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་སྤེལ་བའི་གནས་ཚུལ་སྙན་ཞུ་ཕུལ།

ཁྲིན་ལང་ཅེ་ཡིས་བསྟན་དོན། ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་བཟོས་པའི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་ཞིག་ཡིན་ལ། ཏང་ཡོངས་དང་རྒྱལ་ཡོངས་ཀྱི་ཆབ་སྲིད་འོས་འགན་གལ་ཆེན་ཞིག་ཀྱང་ཡིན། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ཆབ་སྲིད་ཀྱི་གོ་གནས་སྔར་ལས་ཇེ་མཐོར་གཏོད་རྒྱུ་དང་། དངོས་འབེབས་དོན་འཁྱོལ་བྱ་བའི་ཆབ་སྲིད་ཀྱི་རང་རྟོགས་དང་བསམ་བློའི་རང་རྟོགས། ལག་ལེན་གྱི་རང་རྟོགས་བཅས་མངོན་གསལ་སྒོས་ཇེ་དྲག་ཏུ་བཏང་ནས། ཆེད་དོན་འཐབ་རྩོད་ལ་རྒྱལ་ཁ་ཐོབ་པར་འབད་འབུངས་བྱེད་དགོས་ཟེར།

ལོ་ཙཱ་བ། བན་དེ་སྐྱབས།