ཞི་ཅིན་ཕིང་གིས་ཁྲའོ་ཞན་ངལ་རྩོལ་ཏང་གི་ཨུ་ཡོན་ཀྲང་། རྒྱལ་སྲིད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཅིན་ཀྲིན་ཨུན་དང་གྲོས་མོལ་མཛད།
2019.06.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 199

ཟླ་དྲུག་པའི་ཚེས་ཉི་ཤུ་ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕེན་རིང་ཅིན་ཞིག་ཧྲན་དབྱིན་མགྲོན་ཁང་དུ་ཁྲའོ་ཞན་ངལ་རྩོལ་ཏང་གི་ཨུ་ཡོན་ཀྲང་། རྒྱལ་སྲིད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཅིན་ཀྲིན་ཨུན་དང་གྲོས་མོལ་མཛད།

ཟླ་དྲུག་པའི་ཚེས་ཉི་ཤུ་ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕེན་རིང་ཅིན་ཞིག་ཧྲན་དབྱིན་མགྲོན་ཁང་དུ་ཁྲའོ་ཞན་ངལ་རྩོལ་ཏང་གི་ཨུ་ཡོན་ཀྲང་། རྒྱལ་སྲིད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཅིན་ཀྲིན་ཨུན་དང་གྲོས་མོལ་མཛད།

ཟླ་དྲུག་པའི་ཚེས་ཉི་ཤུ་ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕེན་རིང་ཅིན་ཞིག་ཧྲན་དབྱིན་མགྲོན་ཁང་དུ་ཁྲའོ་ཞན་ངལ་རྩོལ་ཏང་གི་ཨུ་ཡོན་ཀྲང་། རྒྱལ་སྲིད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཅིན་ཀྲིན་ཨུན་དང་གྲོས་མོལ་མཛད།

ཞི་ཅིན་ཕིང་གིས་གསུངས་རྒྱུར། ན་ནིང་གི་ཚུན་ལ། བདག་དང་ཨུ་ཡོན་ཀྲང་གཉིས་ཀྱིས་ཐེངས་བཞི་ལ་ཐུག་འཕྲད་བྱས་ཏེ། ཀྲུང་གོ་དང་ཁྲའོ་ཞན་འབྲེལ་བར་རྣམ་པ་གསར་བ་གསར་སྐྲུན་བྱས་པ་དང་མཛའ་བཤེས་ཟབ་མོ་ཆགས་པར་བྱས། ད་ལོ་ནི་ཀྲུང་གོ་དང་ཁྲའོ་ཞན་བར་འབྲེལ་བ་བཙུགས་ནས་ལོ་བདུན་ཅུ་ལོན་པའི་ལོ་ཡིན་པས། ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལོ་རྒྱུས་སྟེང་དུ་སྔར་སྲོལ་རྒྱུན་འཛིན་དང་མ་འོངས་གསར་གཏོད་པར་དོན་སྙིང་གལ་ཆེན་ལྡན། བདག་ནི་ད་ཐེངས་ཀྲུང་གོ་དང་ཁྲའོ་ཞན་བར་གྱི་མཛའ་མཐུན་འབྲེལ་བ་སྲ་བརྟན་དང་རྒྱུན་འཛིན་བྱེད་པའི་ཆེད་དུ་ཡོང་བ་དང་ཁྲའོ་ཞན་ཕྱེད་གླིང་གནད་དོན་དེ་ཆབ་སྲིད་ལ་བརྟེན་ནས་ཐག་གཅོད་པའི་འཕེལ་རིམ་ལ་སྐུལ་འདེད་གཏོང་བའི་ཆེད་དུ་ཡོང་བ་ཡིན། ཐེངས་འདིའི་འཚམས་འདྲི་གོ་སྐབས་སུ་བཟུང་སྟེ་ང་ཚོས་ཀྲུང་གོ་དང་ཁྲའོ་ཞན་འབྲེལ་བའི་མཛེས་པའི་མ་འོངས་མཉམ་དུ་གསར་སྐྲུན་བྱེད་ཐུབ་པར་ཡིད་ཆེས་ཡོད་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། དེང་སྐབས་ཀྲུང་གོ་དང་ཁྲའོ་ཞན་འབྲེལ་བ་དེ་ལོ་རྒྱུས་ཀྱི་དུས་སྐབས་གསར་བར་ཞུགས་ཡོད། ཀྲུང་གོ་ཏང་དང་སྲིད་གཞུང་གིས་ཀྲུང་གོ་དང་ཁྲའོ་ཞན་བར་གྱི་མཛའ་མཐུན་མཉམ་ལས་འབྲེལ་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད། ཀྲུང་གོ་དང་ཁྲའོ་ཞན་འབྲེལ་བ་སྲུང་སྐྱོབ་དང་སྲ་བརྟན། འཕེལ་རྒྱས་སུ་གཏོང་རྒྱུ་ནི་ཀྲུང་གོ་ཏང་དང་སྲིད་གཞུང་གི་ནམ་ཡང་འགྱུར་བ་མེད་པའི་བྱེད་ཕྱོགས་ཡིན། རྒྱལ་སྤྱི་དང་ས་གནས་ཀྱི་གནས་བབ་རྙོག་འཛིང་ཆེ་ཞིང་འགྱུར་ལྡོག་མང་པོའི་མདུན་དུ་ཕྱོགས་གཉིས་ཀྱིས་མཐོ་རིམ་འགོ་ཁྲིད་པའི་འབྲེལ་འདྲིས་ལ་ཤུགས་བསྣན་ནས་ཀྲུང་གོ་དང་ཁྲའོ་ཞན་འབྲེལ་བའི་འཕེལ་རྒྱས་ཐད་ལ་ཁ་ཕྱོགས་གསལ་བོར་བསྟན་དགོས། བདག་གིས་ཨུ་ཡོན་ཀྲང་ཅིན་ཀྲིན་ཨུན་དང་འབྲེལ་འདྲིས་དམ་པོ་བྱས་ཏེ། ཆབ་སྲིད་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་ཀྲུང་གོ་དང་ཁྲའོ་ཞན་འབྲེལ་བའི་འཕེལ་རྒྱས་ཁ་ཕྱོགས་ཆེན་པོ་གསལ་བོར་ཤེས་པར་བྱེད་དགོས་ལ། ཕྱོགས་གཉིས་ཀྱིས་དངོས་གཉེར་མཉམ་ལས་རྒྱ་བསྐྱེད་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་བདེ་སྐྱིད་སྐྲུན་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཁྲའོ་ཞན་ཕྱོགས་དང་མཉམ་དུ་ཏང་གཉིས་ཀྱི་རྒྱལ་སྐྱོང་སྲིད་འཛིན་ཉམས་མྱོང་བརྗེ་རེས་དང་དཔྱད་གཞིར་འཛིན་པ་དང་། ཕྱོགས་གཉིས་ཀྱི་དཔལ་འབྱོར་དམངས་ཚིས་ཁྱབ་ཁོངས་ཀྱི་ལས་བྱེད་པ་གསོ་སྐྱོང་དང་མི་སྣའི་འགྲོ་འོང་ལ་ཤུགས་སྣོན་པར་མ་ཟད། མཛའ་མཐུན་བརྗེ་རེས་གཏིང་ཟབ་ཏུ་སྤེལ་ནས་ཀྲུང་གོ་དང་ཁྲའོ་ཞན་བར་གྱི་མཛའ་བཤེས་ཇེ་ཟབ་ཏུ་འགྲོ་བར་རྨང་གཞི་བརྟན་པོ་འདིང་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཁྲའོ་ཞན་ཕྱོགས་དང་མཉམ་དུ་མུ་མཐུད་ནས་ཕྱི་ཕྱོགས་འབྲེལ་བ་བཙུགས་ནས་ལོ་བདུན་ཅུ་ལོན་པར་དྲན་གསོ་ཞུ་བའི་བྱ་འགུལ་གྱི་ཇུས་གཞི་དངོས་འབེབས་བཟང་བོ་བྱས་ཏེ། སློབ་གསོ་དང་འཕྲོད་བསྟེན། ལུས་རྩལ། སྨྱན་བྱད། ན་གཞོན། ས་གནས་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་། ཀྲུང་གོ་དང་ཁྲའོ་ཞན་བར་གྱི་སྲོལ་རྒྱུན་མཛའ་བཤེས་དར་སྤེལ་བྱས་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྐྲུན་འདོད་ཡོད་ཟེར།

ཅིན་ཀྲིན་ཨུན་གྱིས་བཤད་རྒྱུར། བདག་གིས་ཁྲའོ་ཞན་ཏང་དང་སྲིད་གཞུང་། མི་དམངས་ཀྱི་ཚབ་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཁྲའོ་ཞན་ལ་རྒྱལ་དོན་འཚམས་འདྲིར་ཡོང་བར་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུ་བ་ཡིན། ད་ལོ་ནི་ཁྲའོ་ཞན་དང་ཀྲུང་གོ་བར་འབྲེལ་བ་བཙུགས་ནས་ལོ་བདུན་ཅུ་ལོན་པའི་ལོ་དང་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་བདུན་ཅུ་ལོན་པའི་རྟེན་འབྲེལ་ཆ་འགྲིག་གི་ལོ་ཡིན་པས། ཁྲའོ་ཞན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་རྟེན་འབྲེལ་བྱ་འགུལ་རྒྱ་ཆེར་སྤེལ་འདོད་ཡོད། དེང་སྐབས་ཁྲའོ་ཞན་ཏང་དང་མི་དམངས་ཀྱིས་སྟོབས་ཤུགས་ཡོད་རྒུ་བཏོན་ཏེ་འཐབ་ཇུས་གསར་བའི་ལམ་ཕྱོགས་ལག་བསྟར་དང་དངོས་འབེབས་བྱེད་ཀྱིན་ཡོད། ཁྲའོ་ཞན་ཕྱོགས་ཀྱིས་ཀྲུང་གོའི་ཉམས་མྱོང་དང་སྒུབ་སྟངས་ལ་སློབ་སྦྱོང་བཟང་བོ་བྱེད་པ་དང་། ཧུར་ཐག་སྒོས་དཔལ་འབྱོར་འཕེལ་རྒྱས་དང་དམངས་ཚིས་ལེགས་བཅོས་བྱེད་པར་ནུས་ཤུགས་གང་ཡོད་འདོན་འདོད་ཡོད་ཟེར།

ཞི་ཅིན་ཕིང་གིས་ཁྲའོ་ཞན་ཕྱོགས་ཀྱིས་ཕྱེད་གླིང་གི་ཞི་བདེ་དང་བརྟན་འཇགས་སྲུང་སྐྱོབ་བྱེད་པ་དང་ཕྱེད་གླིང་དུ་ཉིང་རྡུལ་མེད་པར་འབད་བརྩོན་བྱས་པར་གདེང་འཇོག་ཆེན་པོ་གནང་། ཞི་ཅིན་ཕིང་གིས་གསུང་རྒྱུར། ཁྲའོ་ཞན་ཕྱེད་གླིང་གནས་བབ་དེ་ས་གནས་ཀྱི་ཞི་བདེ་དང་བརྟན་འཇགས་ལ་འབྲེལ་བ་ཡོད་པས། འདས་པའི་ལོ་གཅིག་གི་ནང་ཕྱེད་གླིང་གནད་དོན་ཡང་བསྐྱར་གྲོས་མོལ་ལ་བརྟེན་ནས་ཐག་གཅོད་པའི་མདུན་ལྗོངས་བཟང་བོ་མངོན་པ་དེར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཁས་ལེན་དང་རེ་སྒུག་བྱེད་ཀྱིན་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཁྲའོ་ཞན་དང་ཨ་མེ་རི་ཁའི་གྲོས་མོལ་ལ་གྲུབ་འབྲས་ཐོབ་པར་རེ་བ་བྱས་ཡོད་ཟེར།

ཅིན་ཀྲིན་ཨུན་གྱིས་དེང་སྐབས་ཁྲའོ་ཞན་ཕྱེད་གླིང་གནས་བབ་སྐོར་གྱི་ལྟ་ཚུལ་མཚམས་སྦྱོར་བྱས། ཁོས་བཤད་རྒྱུར། ཁྲའོ་ཞན་ཕྱོགས་ཀྱིས་ཀྲུང་གོས་ཕྱེད་གླིང་གནད་དོན་ཐག་གཅོད་པའི་བརྒྱུད་རིམ་ཁྲོད་དུ་ནུས་པ་ཆེན་པོ་བཏོན་པར་གདེང་འཇོག་ཆེན་པོ་གནང་བར་མ་ཟད་མུ་མཐུད་དུ་ཀྲུང་གོ་ཕྱོགས་དང་མཉམ་དུ་འབྲེལ་འདྲིས་དང་མཐུན་སྦྱོར་བྱེད་པར་ཤུགས་སྣོན་པ་དང་། ཧུར་ཐག་སྒོས་ཕྱེད་གླིང་གནད་དོན་ཆབ་སྲིད་ལ་བརྟེན་ནས་ཐག་གཅོད་པའི་ཐད་ནས་གྲུབ་འབྲས་མངོན་གསལ་ཐོབ་པར་སྐུལ་འདེད་བཏང་ནས། ཕྱེད་གླིང་གི་ཞི་བདེ་དང་བརྟན་འཇགས་སྲུང་སྐྱོབ་བྱེད་འདོད་ཡོད་ཟེར།

ཏིང་ཞུའེ་ཞང་དང་དབྱང་ཅེ་ཁྲི། ཝང་དབྱི། ཧི་ལིས་ཧྥིན་སོགས་གྲོས་མོལ་ཞུགས།