ཞི་ཅིན་ཕིང་དང་ཨེར་ལན་རྒྱལ་ཁབ་ཀྱི་ཙུང་ཐུང་ཞི་ཅིན་སི་གཉིས་ཀྱིས་ཀྲུང་གོ་དང་ཨེར་ལན་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ངོ་བཞི་བཅུ་འཁོར་བའི་ཐད་ནས་ཕན་ཚུན་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་།
2019.06.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 25

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཨེར་ལན་རྒྱལ་ཁབ་ཀྱི་ཙུང་ཐུང་ཞི་ཅིན་སི་གཉིས་ཀྱིས་ཚེས་ཉེར་གཉིས་ཉིན་ཕན་ཚུན་ལ་གློག་འཕྲིན་བཏང་སྟེ། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ལོ་ངོ་བཞི་བཅུ་འཁོར་བར་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་བསྟན་དོན། ཀྲུང་གོ་དང་ཨེར་ལན་བར་འབྲེལ་བ་བཙུགས་ནས་ལོ་ངོ་བཞི་བཅུ་འཁོར་བའི་རིང་ལ། རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་བརྩི་བཀུར་དང་འདྲ་མཉམ་ལྟ་སྟངས། གཉིས་ཕན་མཉམ་རྒྱལ་བཅས་ཀྱི་རྣམ་འགྱུར་རྒྱུན་འཁྱོངས་ཀྱིས་ཕྱོགས་གཉིས་ཀྱི་འབྲེལ་བ་བདེ་ཐང་དང་གཏན་འཇགས་ངང་གོང་འཕེལ་དུ་བཏང་སྟེ། ཁྱབ་ཁོངས་སོ་སོའི་བརྗེ་རེས་མཉམ་ལས་ཐད་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད། ཉིས་སྟོང་བཅུ་བཞི་ལོར་ཙུང་ཐུང་ཞི་ཅིན་སི་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་བ་དང་། ངེད་གཉིས་ཀྱིས་མཛའ་མཐུན་བརྗེ་རེས་བྱས་ཏེ། ཀྲུང་གོ་དང་ཨེར་ལན་གྱི་འབྲེལ་བར་འཆར་འགོད་བྱས། ངས་ཀྲུང་གོ་དང་ཨེར་ལན་གྱི་འབྲེལ་བ་གོང་འཕེལ་དུ་གཏོང་བར་ཧ་ཅང་མཐོང་ཆེན་བྱེད་བཞིན་ཡོད་ལ། ཙུང་ཐུང་ཞི་ཅིན་སི་དང་མཉམ་དུ་འབད་བརྩོན་བྱས་ཏེ། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་འཁོར་བཞི་བཅུ་ལོན་པ་འགོ་རྩོམ་ས་གསར་བར་བརྩིས་ཤིང་། ཀྲུང་གོ་དང་ཨེར་ལན་གྱི་གཉིས་ཕན་འཐབ་ཇུས་གྲོགས་པོའི་འབྲེལ་བ་ཆུ་ཚད་གསར་བར་གོང་འཕེལ་དུ་བཏང་སྟེ། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད་ཟེར།

ཞི་ཅིན་སི་ཡིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་བསྟན་དོན། ཨེར་ལན་དང་ཀྲུང་གོའི་བར་འབྲེལ་བ་བཙུགས་ནས་ལོ་ངོ་བཞི་བཅུ་འཁོར་བའི་རིང་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཇེ་བརྟན་ནས་ཇེ་བརྟན་དུ་སོང་བ་དང་། ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ཉིན་རེ་བཞིན་ཇེ་ཟབ་ཏུ་སོང་ཡོད། ཨེར་ལན་ཕྱོགས་གཉིས་ཀྱིས་ཀྲུང་གོའི་བར་གྱི་འབྲེལ་བ་གོང་འཕེལ་དུ་གཏོང་བར་ཧ་ཅང་མཐོང་ཆེན་བྱེད་བཞིན་ཡོད་ལ། དངོས་གཉེར་མཉམ་ལས་ཀྱི་སྦས་ཤུགས་སྔར་ལས་སྔོག་འདོན་བྱེད་པ་དང་། ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོབ་བྱེད་པ་སོགས་འཛམ་གླིང་ཡོངས་ཀྱི་ལས་དོན་ཁྲོད་ཀྱི་མཐུན་སྦྱོར་ལ་ཤུགས་བསྣན་ནས། ཨེར་ལན་དང་ཀྲུང་གོའི་འབྲེལ་བ་རྒྱུན་སྲིང་ངང་གོང་འཕེལ་དུ་གཏོང་འདོད་ཡོད་ཟེར།

ཉིན་དེར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་དང་ཨེར་ལན་གྱི་ཙུང་ལི་ཝ་ལཱ་ཏི་ཁ་གཉིས་ཀྱིས་ཕན་ཚུན་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་། ལིས་ཁི་ཆང་གིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་གསུངས་རྒྱུར། ཀྲུང་གོས་ཨེར་ལན་ཕྱོགས་དང་ལག་རྡང་མཉམ་སྦྲེལ་གྱིས་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ངོ་བཞི་བཅུ་འཁོར་བ་གོ་སྐབས་་སུ་བརྩིས་ཏེ། ཀྲུང་གོ་དང་ཨེར་ལན་གྱི་གཉིས་ཕན་འཇབ་ཇུས་གྲོགས་པོའི་འབྲེལ་བ་དང་རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་མཉམ་ལས་རྒྱུན་ཆད་མེད་པར་གོང་འཕེལ་དུ་གཏོང་འདོད་ཡོད་ཟེར། ཝ་ལཱ་ཏི་ཁ་ཡིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་བཤད་རྒྱུར། ཀྲུང་གོའི་བཅོས་སྒྱུར་སྒོ་འབྱེད་དང་འཕེལ་རྒྱས་གྲུབ་འབྲས་ལ་འཛམ་གླིང་རང་བཞིན་གྱི་དོན་སྙིང་ལྡན། ཨེར་ལན་ཕྱོགས་ཀྱིས་མུ་མཐུད་དུ་ཕན་ཚུན་ལ་བརྩི་བཀུར་བྱེད་པའི་རྨང་གཞིའི་སྟེང་། ཨེར་ལན་དང་ཀྲུང་གོའི་གྲོགས་པོའི་འབྲེལ་བ་ཕྱོགས་ཡོངས་ནས་གོང་འཕེལ་དུ་གཏོང་འདོད་ཡོད་ཟེར།