རྒྱལ་ཡོངས་དམངས་ཆེན་གྱི་བོད་ལྗོངས་འཐུས་ཚབ་ཚོགས་པས་སིང་ག་ལ་དང་འབར་མ་རྒྱལ་ཁབ་གཉིས་ལ་འཚམས་འདྲི་བྱས།
2019.06.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 36

ཉེ་ལམ། རྒྱལ་ཡོངས་དམངས་ཆེན་གྱི་བོད་ལྗོངས་འཐུས་ཚབ་ཚོགས་པས་སིང་ག་ལ་དང་འབར་མ་རྒྱལ་ཁབ་གཉིས་ལ་འཚམས་འདྲི་བྱས་པ་དང་། རྒྱལ་ཁབ་གཉིས་ཀྱི་གྲོས་ཁང་གི་འགོ་ཁྲིད་པར་ཐུག་འཕྲད་བྱས་པར་མ་ཟད་རྒྱལ་ཁབ་གཉིས་ཀྱི་གྲོས་ཁང་གི་གྲོས་མི་དང་ཆོས་ལུགས་མི་སྣ་གྲགས་ཅན་། ཤེས་ཡོན་ཅན། སྨྱན་བྱད་སོགས་དང་འབྲེལ་འདྲིས་བྱས། འཐུས་ཚབ་ཚོགས་པས་ཀྲུང་དབྱང་སྲིད་གཞུང་གིས་བོད་ལྗོངས་ལ་བཏོན་པའི་བྱེད་ཕྱོགས་དང་སྲིད་ཇུས་དང་མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་དང་མི་རིགས་ཁུལ་ཁོངས་རང་སྐྱོང་ལམ་ལུགས་དེ་བོད་ལྗོངས་ནས་ལག་ལེན་བྱས་པ། དེ་མིན་བོད་ལྗོངས་དམངས་གཙོ་བཅོས་སྒྱུར་བྱས་ནས་ལོ་དྲུག་ཅུ་ལོན་པའི་རིང་ལ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ནས་བླངས་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་བྱུང་བའི་གཞི་རྩ་རང་བཞིན་གྱི་འགྱུར་ལྡོག་མཚམས་སྦྱོར་བྱས།

ཕྱི་ཕྱོགས་ཀྱི་མི་སྣས་བཤད་རྒྱུར། ཀྲུང་གོའི་བར་གྱི་མཛའ་མཐུན་འབྲེལ་བའི་རྒྱུན་ཧ་ཅང་རིང་ལ། རྒྱུད་གཅིག་ལམ་གཅིག་གི་སྤྱི་ཁོག་ནང་དུ་ཁྱབ་ཁོངས་སོ་སོའི་ཕྱོགས་གཉིས་མཉམ་ལས་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།