མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་གསར་བརྗེ་སྔོན་གཤེགས་དཔའ་བོར་དྲན་གསོ་ཞུ་བ་དང་དམར་པོའི་གཞི་རྒྱུ་རྒྱུན་འཛིན་བྱེད་པ་ཞེས་པའི་སློབ་གསོའི་བྱ་འགུལ་སྤེལ།
2019.07.01 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 50

ཟླ་དྲུག་པའི་ཚེས་སུམ་ཅུ་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་ཏང་ཙུའུ་ཡིས་ཞོན་ཧྭ་རྫོང་ཁྲ་ཧན་ཏུའུ་ཟི་ཞང་ཧུང་ཀོང་སྡེ་བ་གོང་མ་ནས་གསར་བརྗེ་སྔོན་གཤེགས་དཔའ་བོར་དྲན་གསོ་ཞུ་བ་དང་དམར་པོའི་གཞི་རྒྱུ་རྒྱུན་འཛིན་བྱེད་པ་ཞེས་པའི་སློབ་གསོའི་བྱ་འགུལ་སྤེལ་བ་དང་། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ཧྲིན་ཀྲང་ལིག་ཉིང་དང་ཀྲུང་དབྱང་མཛུབ་སྟོན་ཚན་ཁག་གི་ཚན་གཙོ་ཧྥིན་ཅན་ཧྲིན་གཉིས་ཀྱིས་མཉམ་དུ་ནུབ་ལམ་དམག་གསར་བརྗེ་སྔོན་གཤེགས་དཔའ་བོའི་རྗེས་དྲན་རྡོ་རིང་གི་མདུན་ལ་མེ་ཏོག་གི་ཕྲེང་བ་ཕུལ། ལིག་ཉིང་གིས་ཚང་མའི་སྣེ་ཁྲིད་དེ་ཏང་ནང་ཞུགས་པའི་དམ་བཅའ་བསྐྱར་དུ་བཞག་པར་མ་ཟད། དེར་འདུས་ཀྱི་མི་ཡོངས་ལ་དམར་པོའི་གཞི་རྒྱུ་རྒྱུན་འཛིན་བྱེད་པའི་དད་སེམས་སྔར་ལས་ཇེ་བརྟན་དུ་བཏང་སྟེ། སྲིད་གཞུང་བྱ་བའི་ལམ་རིམ་ཁག་ཚང་མ་བཟང་བོར་བསྒྲུབ་དགོས་ཞེས་པ་བརྗོད་དོན་དུ་བཟུང་ནས་ཏང་གི་སློབ་ཁྲིད་གསོན་ཉམས་ལྡན་པ་ཞིག་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཡན་ཅིན་ཧེ་ཡིས་བྱ་འགུལ་ལ་འགོ་འཛིན་བྱས།

ལིག་ཉིང་གིས་ཅི་ཞིག་ནི་ཐོག་མའི་བསམ་འདུན་ཡིན་པ་ནས་གླེང་བསླངས་ནས་སློབ་ཁྲིད་བྱས་ཤིང་། ལིས་ཏ་ཀྲའོ་དང་ཝང་ཏིན་ཀོ ཅའོ་ཡུས་ལུའུ། ཀའོ་ཡུང་ཧའེ་སོགས་ཕུལ་བྱུང་གུང་ཁྲན་ཏང་མི་སྐོར་ཞིག་གི་གཏམ་རྒྱུད་འཆད་པ་ལ་བརྟེན་ནས། ཀྲུང་གོ་གུང་ཁྲན་ཏང་མིའི་ཐོག་མའི་བསམ་འདུན་དང་འགན་འཁྲིའི་སྐོར་ལ་རྒྱས་འགྲེལ་གནད་དུ་ཐིངས་པ་བྱས་པ་ལས་གཞན། ཀྲུང་གོ་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་འབྱུང་བའི་ཆེད་དུ་ཡོད་ཚད་ཕངས་མེད་དུ་ཕུལ་བའི་བསམ་སྦྱོར་འཆད། ལིག་ཉིང་གིས་བསྟན་དོན། ཐོག་མའི་བསམ་འདུན་དང་འགན་འཁྲི་ཡིད་ལ་དམ་པོར་བཅངས་པ་ལ་ཅིས་ཀྱང་དམར་པོའི་གཞི་རྒྱུ་རྒྱུན་འཛིན་བྱེད་པ་དང་གཙོ་འཛིན་གྱི་བརྩེ་སེམས་ལ་སློབ་སྦྱོང་བྱེད་པ། རླབས་ཆེ་བའི་དད་མོས་ཇེ་བརྟན་དུ་གཏོང་བ། ཡོད་ཚད་དམངས་ཀྱི་ཆེད་དུ་ཡིན་པའི་དགོངས་དོན་ལག་བསྟར་བྱེད་པ། མི་སྒེར་གྱི་བློ་སྦྱོང་ཇེ་མཐོར་གཏོང་བ་བཅས་ལ་འབད་དགོས། གསར་བརྗེ་སྔོན་གཤེགས་དཔའ་བོའི་ཕུགས་བསམ་དད་མོས་འཚོལ་སྙེག་མཐའ་འཁྱོལ་བྱེད་པའི་བསམ་སྦྱོར་དང་བློ་དཀར་གཞུང་དྲང་གི་བསམ་པ་བཟང་བོ། ཡོད་ཚད་བློས་གཏོང་གི་གུས་སེམས་གཙང་མ། རྒྱལ་ཁབ་ལ་དྲིན་ལན་འཇལ་བ་དང་མི་དམངས་ཀྱི་ཆེད་དུ་ཐམས་ཅད་ཕངས་མེད་འདོར་ཐུབ་པའི་བརྩེ་སེམས་དྲོན་མོ་བཅས་ལ་སློབ་སྦྱོང་བྱས་ཏེ། བར་མ་ཆད་པའི་སྒོ་ནས་འདུ་ཤེས་བཞི་དང་ཡིད་རྟོན་བཞི་སྔར་ལས་ཇེ་དྲག་ཏུ་གཏོང་དགོས། སྲུང་སྐྱོབ་བྱེད་དགོས་པ་གཉིས་བཟང་བོར་སྒྲུབ་ནས། ཐོག་མཐའ་བར་གསུམ་ཀུན་ཏུ་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་གཅིག་གྱུར་ཚད་མཐོ་བྱས་ཏེ། དུས་རབས་གསར་བའི་གུང་ཁྲན་ཏང་མིའི་སྔོན་ཐོན་རང་བཞིན་དང་བབ་གཙང་རང་བཞིན་སྲུང་འཛིན་བྱེད་དགོས་ཟེར།

ལིག་ཉིང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རང་ཉིད་གསར་བརྗེ་བྱེད་ཕོད་པ་ནི། ང་ཚོ་ཏང་གི་ཆེས་གསར་ཤོས་དོད་པའི་གཤིས་སྤྱོད་ཡིན་ལ། ང་ཚོ་ཏང་གི་དགེ་མཚན་ཆེ་ཤོས་ཀྱང་ཡིན་ཞེས་པ་བརྗོད་གཞིར་བཟུང་ནས། རང་ཉིད་གསར་བརྗེ་ཡི་སྔོན་འགྲོ་ནི་གནད་དོན་ལ་ལྟ་སྟངས་ཡག་པོ་འཛིན་རྒྱུ་དང་། སྲོག་ཤིང་ནི་ཧེ་བག་ལ་ཉེན་ཟོན་ཡག་པོ་བྱེད་པ། གནད་འགག་ནི་ལེགས་སྒྲིག་མཐར་ཕྱིན་བྱེད་རྒྱུ་བཅས་ཡིན་པ་སྒྲོག་འགྲེལ་བྱས།

ས་གནས་ཀྱི་ཏང་ཡོན་རྒན་པའི་འཐུས་མིས་ཏང་གི་སློབ་ཁྲིད་ལ་ཉན། ཀྲུང་དབྱང་མཛུབ་སྟོན་ཚན་ཁག་གི་ཁོངས་མི་ཅ་ཡན་ཆང་དང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཉེའོ་ཁྲིན་ཡུན། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཁོངས་མི་ཝང་ལིས་མེན་དང་། ཝང་ཀྲིན་ཧྲིན། ཐེན་ཅིན་ཁྲིན། ཀྲང་ལིས། ལིག་ཐའོ། ཀྲང་ཧུང་ཡོན། ཧྲིན་ཀྲང་གཞོན་པ་ཁོང་ཡུང་། ཞིང་ཆེན་ཏང་ཨུའི་བརྗོད་དོན་སློབ་གསོ་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གི་འགན་ཁུར་བློ་མཐུན། ཞིང་ཆེན་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་གཞོན་པ། ཞིང་ཆེན་སྲིད་གཞུང་གི་ཁོངས་གཏོགས་སྡེ་ཁག་དང་ཐད་གཏོགས་ལས་ཁུངས། ཆེད་མངགས་ལས་ཁུངས། ཞིང་ཆེན་སྲིད་གཞུང་ཞིབ་འཇུག་ཁང་གི་འགན་ཁུར་བློ་མཐུན་གཙོ་བོ། གྲོང་ཁྱེར་དང་ཁུལ་སོ་སོའི་སྲིད་གཞུང་གི་འགན་ཁུར་བློ་མཐུན་གཙོ་བོ། ཞོན་ཧྭ་རྫོང་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་འགོ་ཁྲིད་ཚན་ཁག་གི་ཁོངས་མི་བཅས་གོང་གསལ་བྱ་འགུལ་ལ་ཞུགས།

ལོ་ཙཱ་བ། བན་དེ་སྐྱབས།