ཝང་ཡུས་ཡན་གྱིས་ཟི་ལིང་གྲོང་ཁྱེར་བདུན་གཅིག་ལམ་གྱི་གཞིས་ཁུལ་ནུབ་མའི་བྱ་བར་རྟོག་ཞིབ་བྱས།
2019.07.21 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 21

ཉེ་ལམ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཝང་ཡུས་ཡན་གྱིས། ཏང་ཡོན་དཀྱུས་མའི་མིང་ཐོག་ནས་ཟི་ལིང་གྲོང་ཁྱེར་མཁར་དབུས་ས་ཁུལ་བདུན་གཅིག་ལམ་གྱི་སྡེ་ཁུལ་ནུབ་མར་འབྱོར་ཐོ་འགོད་པར་བསྐྱོད་དེ། གཞིས་ཁུལ་གྱི་ཏང་འཛུགས་བྱ་བར་རྟོག་ཞིབ་བྱས་པར་མ་ཟད། བརྗོད་དོན་སློབ་གསོའི་དཀའ་གནད་སེལ་བའི་ལས་དོན་ལ་ལྟ་སྐུལ་མཛུབ་སྟོན་བྱས།

ཁོ་མོས་ནན་གྱིས་བསྟན་དོན། ཆབ་སྲིད་ཀྱི་བྱེད་ནུས་འབུར་ཐོན་ཡོང་བར་བྱས་ནས། སྲང་ལམ་གཞིས་ཁུལ་གྱི་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་སྲོག་ཤིང་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཏང་འཛུགས་སྐྲུན་གྱིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་རྒྱུ་དང་གྲོང་ཁྱེར་འཕེལ་རྒྱས་ཀྱི་ཆུ་ཚད་མཐོ་རུ་གཏོང་དགོས་ཞེས་བསྟན།

ལོ་ཙཱ་བ། བན་དེ་སྐྱབས།