མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོའི་ཆེད་དོན་བགྲོ་གླེང་ཚོགས་འདུ་ཐེངས་གསུམ་པ་བསྡུས།
2019.08.12 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 22

ཟླ་བརྒྱད་པའི་ཚེས་དགུ་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོའི་ཆེད་དོན་བགྲོ་གླེང་ཚོགས་འདུ་ཐེངས་གསུམ་པ་བསྡུས། ཚོགས་ཐོག་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཏང་གི་འཛུགས་སྐྲུན་བྱ་བའི་གྲོས་ཚོགས་སྟེང་གནང་བའི་གསུང་བཤད་ཀྱི་དགོངས་དོན་ལ་དམིགས་ནས་བགྲོ་གླེང་བྱས། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཡི་ཁོངས་མི། ཀྲུའུ་ཞི་གཞོན་པ་ཝང་ཞོ་ཡུང་གིས་གྲོས་ཚོགས་ལ་འགོ་འཛིན་བྱས་པར་མ་ཟད་གཏམ་བཤད། ཏང་ཙུའུ་ཡི་ཁོངས་མི། ཀྲུའུ་ཞི་གཞོན་པ་མ་ཧེ་དབྱིན་དང་ཀྲུའུ་ཞི་གཞོན་པ་ཏུའུ་ཏི་ཀྲི་གཉིས་ཀ་བགྲོ་གླེང་ཚོགས་འདུར་ཞུགས།

ཚོགས་ཐོག་ནས་འབྲེལ་ཡོད་ཡིག་ཆའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ཤིང་། ཐིན་རིམ་པའི་འགོ་ཁྲིད་ལས་བྱེད་པ་ལྔ་ཡིས་གཏམ་བཤད་པ་དང་། ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཡི་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོའི་ཞིབ་ལྟའི་གནད་དོན་ལ་དག་ཐེར་བཅོས་སྒྱུར་དང་དངོས་འབེབས་བྱེད་པའི་སྐོར་གྱི་ཇུས་གཞི་ལ་ཞིབ་འཇུག་བྱས་ནས་གྲོས་འཆམ་བྱུང་།

ཝང་ཞོ་ཡུང་གིས་བསྟན་དོན། བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་སྐབས། རྒྱུན་འཁྱོངས་ལྷོད་མེད་སྒོས་རིགས་གཞུང་སློབ་སྦྱོང་དམ་འཛིན་བྱས་ཏེ། སློབ་སྦྱོང་གི་རྣམ་པ་བཟང་བོ་སྲུང་འཛིན་བྱེད་པ་དང་སློབ་སྦྱོང་གི་སྣང་ཚུལ་བཟང་བོ་གསར་སྐྲུན་བྱེད་དགོས་ལ། གསུང་བཤད་ཀྱི་དགོངས་དོན་ལ་གོ་བ་ཟབ་མོ་ལེན་པ་དང་ལག་བསྟར་དང་དངོས་འབེབས་བྱེད་པའི་རང་རྟོགས་རང་བཞིན་དང་ཆོད་སེམས་རང་བཞིན་ཇེ་དྲག་ཏུ་བཏང་ནས་བརྗོད་དོན་སློབ་གསོའི་དམིགས་འབེན་དང་འགན་འཁྲི་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་དགོས་ཟེར།