མཱ་ཅི་ཞོ་ཡིས་མཚོ་སྔོན་སྣུམ་ཞིང་ཏུན་ཧོང་རྟེན་གཞི་དང་ནུབ་རྒྱུད་གཏེར་ལས་སུའུ་པེ་རྫོང་པོ་ལུན་གཏེར་ལས་ཚད་ཡོད་འགན་ལེན་ཀུང་ཟིའི་བྱ་བར་རྟོག་ཞིབ་བྱས།
2019.08.17 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 20

ཟླ་བརྒྱད་པའི་ཚེས་བཅུ་གསུམ་ཉིན་ནས་ཚེས་བཅོ་ལྔ་ཉིན་བར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་ཀྲུའུ་ཞི་མཱ་ཅི་ཞོ་མཚོ་སྔོན་སྣུམ་ཞིང་ཏུན་ཧོང་རྟེན་གཞི་དང་ནུབ་རྒྱུད་གཏེར་ལས་སུའུ་པེ་རྫོང་པོ་ལུན་གཏེར་ལས་ཚད་ཡོད་འགན་ལེན་ཀུང་ཟིར་སོང་སྟེ་དུས་སྐབས་གསར་བའི་ཐོན་ལས་བཟོ་བའི་དཔུང་སྡེ་འཛུགས་སྐྲུན་དང་གྲོང་ཁྱེར་གྱི་དཀའ་ཁག་ཆེ་བའི་ལས་བཟོ་བའི་དཀའ་ཁག་སེལ་བ་སོགས་ཀྱི་བྱ་བར་རྟོག་ཞིབ་བྱས་ཤིང་། ཁེ་ལས་ཀྱི་འཕེལ་རྒྱས་དང་ཚན་རྩལ་གསར་སྐྲུན་དང་བཟོ་ཚོགས་ཀྱི་བྱ་བར་རྒྱུས་ལོན་ཞིབ་མོ་བྱས་པ་དང་འཐབ་ཕྱོགས་དང་པོ་ན་བྱ་བ་སྒྲུབ་བཞིན་པའི་ལས་བཟོ་བར་འཚམས་འདྲི་བྱས།

རྟོག་ཞིབ་བྱེད་སྐབས་མཱ་ཅི་ཞོ་ཡིས་བསྟན་དོན། ཐོན་ལས་བཟོ་བ་ནི་སྤྱི་ཚོགས་ཀྱི་རྒྱུ་ནོར་གསར་སྐྲུན་བྱེད་པའི་སྟོབས་ཤུགས་གཙོ་བོ་ཡིན་པ་དང་། གསར་སྐྲུན་འདེད་སྐུལ་འཕེལ་རྒྱས་ཀྱི་སྲོག་ཤིང་སྟོབས་ཤུགས་ཡིན་པས། ཐོན་ལས་བཟོ་བའི་གཙོ་ཤུགས་དམག་དཔུང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཁེ་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་དོན་སློབ་སྦྱོང་བཟང་བོ་བྱས་ཏེ། རྒྱ་ཆེའི་ལས་བཟོ་བར་ཏང་གི་གསུང་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་དགོས་པར་སློབ་སྟོན་བྱེད་དགོས། ལས་བཟོ་བའི་ཁེ་དབང་སྲུང་སྐྱོབ་བཟང་བོ་བྱེད་པ་དང་། ལས་བཟོ་བའི་ཁེ་དབང་འགན་སྲུང་བྱེད་པའི་བྱེད་ཐབས་དང་ལམ་ལུགས་སྣ་ཚོགས་མུ་མཐུད་དུ་འཐུས་ཚང་དུ་བཏང་ནས། ལས་བཟོ་བར་ཏང་གི་དྲོད་ཁོལ་ཉམས་སུ་མྱོང་དུ་འཇུག་དགོས་ཟེར།