ཞིང་ཆེན་ཡོངས་ཀྱི་སྲིད་ཁྲིམས་ཁོངས་གཏོགས་ཀྱིས་སྔོན་ཐོན་དཔེ་ལེགས་བྱས་རྗེས་ཀྱི་སྙན་ཞུ་ཚོགས་འདུ་བསྡུས།
2019.08.18 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 32

མཚོ་སྔོན་ཞིང་ཆེན་གྱི་སྲིད་ཁྲིམས་ཁོངས་གཏོགས་ཀྱིས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་ཆེད། ཟླ་བརྒྱད་པའི་ཚེས་བཅོ་ལྔ་ཉིན། ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་ཏང་ཨུའི་བརྗོད་དོན་སློབ་གསོའི་སྐོར་ཞིབ་མཛུབ་སྟོན་ཚན་ཁག་ལྔ་བས་ཟི་ལིང་ནས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཁག་ཁུར་བྱེད་པ་དང་ལས་གནས་ལ་རྐང་བཙུགས་ནས་བྱས་རྗེས་འཇོག་དགོས་ཞེས་པའི་ཞིང་ཆེན་ཡོངས་ཀྱི་སྲིད་ཁྲིམས་ཁོངས་གཏོགས་ཀྱི་སྔོན་ཐོན་དཔེ་ལེགས་བྱས་རྗེས་བརྗོད་གཞི་ཡིན་པའི་སྙན་ཞུ་ཚོགས་འདུ་བསྡུས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དབྱིན་པེ་དང་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ཁྲིན་མེན་གོ་སོགས་སྙན་ཞུ་ཚོགས་འདུར་ཞུགས།

གྲོས་ཚོགས་ཀྱི་སྔོན་ལ། དབྱིན་པེ་དང་ཁྲིན་མེན་གོ་གཉིས་ཀྱིས་སྙན་ཞུ་ཚོགས་པའི་ཁོངས་མི་ལ་ཐུག་འཕྲད་བྱས་ཏེ། སྔོན་ཐོན་དཔེ་ལེགས་འཐུས་མི་རྣམས་ཀྱི་མི་སེམས་འགུལ་བའི་བྱས་རྗེས་དང་བླ་མེད་སྙིང་སྟོབས་ལ་གདེང་འཇོག་ཆེན་པོ་གནང་བར་མ་ཟད། ཁོ་ཚོས་མུ་མཐུད་དུ་ཡང་འབད་བསྐྱར་འབད་བྱས་ནས་བྱས་རྗེས་ཆེན་པོ་འཇོག་དགོས་པའི་སྐུལ་མ་བཏང་།

སྙན་ཞུ་ཚོགས་འདུའི་སྟེང་། སྒྲོག་བཤད་པ་བརྒྱད་ཀྱིས་ཟི་ལིང་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་ཤེས་བྱའི་ཐོན་དབང་ཐིན་གྱི་ཐིན་ཀྲང་གཞོན་པ་ཁྲིན་ཀྲི་ཞིག་སོགས་ཀྱི་སྔོན་ཐོན་བྱས་རྗེས་བརྗོད།

ཞིང་ཆེན་ཏང་ཨུའི་བརྗོད་དོན་སློབ་གསོའི་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་དང་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ། ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ། ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་། ཞིང་ཆེན་ཐད་གཏོགས་སྲིད་ཁྲིམས་ཀྱི་ལས་ཁུངས་སོ་སོ། སི་ལིང་གྲོང་ཁྱེར་སྲིད་ཁྲིམས་ལས་ཁུངས་སོ་སོའི་ཏང་ཡོན་ལས་བྱེད་པ་བསྡོམས་པ་སྟོང་གཅིག་ལྷག་གིས་སྙན་ཞུ་ལ་ཉན།