ཝང་ཡུས་ཡན་གྱིས་སྐོར་ཁག་དང་པོའི་བརྗོད་དོན་སློབ་གསོ་སྤེལ་བའི་ལས་ཁུངས་སྐོར་ཞིག་ཏུ་རྟོག་ཞིབ་བྱས།
2019.08.22 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 30

ཟླ་བརྒྱད་པའི་ཚེས་ཉི་ཤུ་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཝང་ཡུས་ཡན་མཚོ་སྔོན་ཞིང་ཆེན་ཡིག་ཚགས་ཁང་དང་ཞིང་ཆེན་སྤྱི་བདེ་ཐིན། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བཅས་སུ་སོང་ནས། སྐོར་དང་པོའི་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོ་སྤེལ་བའི་ལས་ཁུངས་ཀྱི་བརྗོད་དོན་སློབ་གསོ་སྤེལ་བའི་གནས་ཚུལ་ལ་རྟོག་ཞིབ་མཛུབ་སྟོན་བྱས།

རྟོག་ཞིབ་བྱེད་སྐབས། ཝང་ཡུས་ཡན་གྱིས་མཚོ་སྔོན་ཞིང་ཆེན་ཡིག་ཚགས་ཁང་དང་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གསར་འགྱུར་ལྟེ་གནས། ཞིང་ཆེན་སྤྱི་བདེ་ཐིན་དྲ་རྒྱའི་བདེ་འཇགས་སྲུང་སྐྱོབ་སྤྱིའི་རུ་ཁག་བཀོད་འདོམས་ལྟེ་གནས་སོགས་ལས་ཁུངས་སུ་ཡུལ་དངོས་ལྟ་ཞིབ་བྱས་པ་དང་། ལས་ཁུངས་སོ་སོས་ལྟེ་གནས་བྱ་བར་དམིགས་ནས། སློབ་སྦྱོང་བྱེད་ཞོར་དུ་ལེགས་བཅོས་བྱས་པ་དང་ཞིབ་བཤེར་བྱེད་ཞོར་དུ་ལེགས་བཅོས་བྱས་པ། དག་ཐེར་ལེགས་བཅོས་ལ་དམ་འཛིན་ནན་མོ་བྱས་པའི་བྱེད་ཐབས་ལ་ཁས་ལེན་གང་ལེགས་བྱས། ཝང་ཡུས་ཡན་གྱིས་བསྟན་དོན། བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་ན། ད་ལྟ་སྒྲུབ་བཞིན་པའི་བྱ་བ་དཀྱིལ་སྙིང་དུ་འཛིན་པ་དང་། བརྗོད་དོན་སློབ་གསོར་བརྟེན་ནས་བྱ་བ་སྣ་ཚོགས་ལ་སྐུལ་འདེད་བཏང་སྟེ། ཏན་ཏན་ཏིག་ཏིག་གི་བྱ་བའི་གྲུབ་འབྲས་ཀྱིས་བརྗོད་དོན་སློབ་གསོའི་གྲུབ་འབྲས་ལ་ཞིབ་བཤེར་རྩིས་ལེན་བྱེད་དགོས་ཟེར། ཁོ་མོས་ནན་གྱིས་བསྟན་དོན། སློབ་སྦྱོང་བཞི་གཅིག་གྱུར་སྣེ་ཁྲིད་དུ་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་བྱེད་རྒྱུ་དེ་གཙོ་ཐིག་ཏུ་བྱེད་པ། ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པ་དང་མཚོ་སྔོན་བཅིངས་འགྲོལ་བྱས་ནས་ལོ་འཁོར་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུ་བ་གོ་སྐབས་སུ་བརྩིས་ནས། མཚོ་སྔོན་གྱི་ཏང་འཛུགས་སྲིད་འཛུགས་ལོ་རྒྱུས་སྔོག་འདོན་གཏིང་ཟབ་བྱེད་པ་དང་། སློབ་སྦྱོང་སློབ་གསོ་གཏིང་ཟབ་ཏུ་སྤེལ་དགོས། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་བྱས་པའི་ཆེད་དོན་ལེགས་བཅོས་ལས་འགན་ལ་ཁ་གཏོད་པ། གཞུང་ལུགས་ལ་སློབ་སྦྱོང་བྱེད་པ་དང་བརྟག་བཤེར་ཞིབ་འཇུག་བྱེད་པ། བསམ་ཚུལ་ལ་ཉན་པ་སོགས་བརྒྱུད་དེ་རྙེད་པའི་གནད་དོན་དང་མང་ཚོགས་ཀྱིས་ཡར་ཞུ་བྱས་པའི་གནད་དོན་ལ་ཁ་གཏད་དེ། ཏན་ཏན་ཏིག་ཏིག་གིས་དག་ཐེར་ལེགས་བཅོས་དམ་འཛིན་བྱེད་པ་དང་། ནན་ནན་ཏན་ཏན་གྱིས་གནད་དོན་ཐག་གཅོད་དགོས། ཕྱོགས་གཉིས་ནས་དམ་འཛིན་བྱེད་པ་དང་ཕྱོགས་གཉིས་ལ་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་བྱས་ནས། བརྗོད་དོན་སློབ་གསོའི་གྲུབ་འབྲས་དེ་ལས་རྐང་ལ་རྐང་འཛུགས་པ་དང་། བདེན་འཛིན་དངོས་གཉེར་བྱེད་པའི་འགུལ་སྐྱོད་དངོས་སུ་བསྒྱུར་བ་དང་། ཐོག་མའི་བསམ་འདུན་དམ་སྲུང་དང་འགན་འཁྲི་ཕྲག་ཏུ་ལེན་པའི་བསམ་བློའི་གོ་རྟོགས་དེ་རང་ལས་ཁུངས་ཀྱི་དཀྱིལ་སྙིང་བྱ་བ་སྤེལ་བའི་གྲུབ་འབྲས་དངོས་སུ་བསྒྱུར་དགོས་ཟེར།