མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ལས་བྱེད་པ་རྒན་པའི་བྱ་བའི་སྡེ་ཁག་གིས་རྒྱལ་སྟོན་དུས་ཆེན་བསུ་བའི་མུ་འབྲེལ་བྱ་འགུལ་སྤེལ།
2019.09.21 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 36

བསྟུད་མར་ཉིན་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ལས་བྱེད་པ་རྒན་པའི་བྱ་བའི་སྡེ་ཁག་གིས་མུ་འབྲེལ་བྱ་འགུལ་སཐན་ཚོགས་སྤེལ་ནས། ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པ་དང་མཚོ་སྔོན་བཅིངས་འགྲོལ་བྱས་ནས་ལོ་འཁོར་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུས་ཏེ། རྒྱ་ཆེའི་ལས་བྱེད་པ་རྒན་པའི་ཁྲོད་སྤྲོ་སྐྱིད་བདེ་འཇགས་ཀྱི་སྣང་ཚུལ་གྲུབ་པར་བྱས།

རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་དང་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་། ཞིང་ཆེན་ཁྲིམས་འཛིན་ཐིན་སོགས་སྡེ་ཁག་གིས་བཞུགས་མོལ་ཚོགས་འདུ་བསྡུས་པ་དང་ཀྲི་པུའུ་ཧྲུའུ་ཅིའི་ཏང་གི་སློབ་ཁྲིད་བྱེད་པ། བརྗོད་དོན་ཉིན་མོའི་བྱ་འགུལ་སྤེལ་བ་སོགས་ཀྱི་རྣམ་པ་བརྒྱུད་དེ། ལས་བྱེད་པ་རྒན་པས་ལོ་ངོ་བདུན་ཅུའི་རིང་གི་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་འགྱུར་ལྡོག་ཆེན་པོ་དང་གྲུབ་འབྲས་ལ་བསྔགས་བརྗོད་བྱེད་པར་སྣེ་ཁྲིད་བྱས། ཟི་ལིང་གྲོང་ཁྱེར་ཏང་ཨུའི་ལས་བྱེད་པ་རྒན་པ་ཅུའུ་དང་མཚོ་ཤར་གྲོང་ཁྱེར་ཏང་ཨུའི་ལས་བྱེད་པ་རྒན་པ་ཅུའུ་གཉིས་ཀྱིས་བྱ་བའི་མི་སྣ་རྩ་འཛུགས་བྱས་ནས་གནས་གཞན་པ་དང་ཞིང་ཆེན་ནང་ཁུལ་དུ་སྡོད་པའི་ལས་བྱེད་པ་རྒན་པར་འཚམས་འདྲི་བྱས་པ་དང་། ཉེ་བའི་ལོ་འགའི་རིང་མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་ནས་བླངས་པའི་གྲུབ་འབྲས་གསར་བ་ངོ་སྤྲོད་བྱས་ཏེ། ལས་བྱེད་པ་རྒན་པར་འཚམས་འདྲི་དངུལ་དང་འཚམས་འདྲི་དངོས་རྫས་བྱིན། མཚོ་ནུབ་ཁུལ་ཏང་ཨུའི་ལས་བྱེད་པ་རྒན་པ་ཅུའུ་ཡིས་མི་རིགས་མཐུན་སྒྲིལ་ཡར་ཐོན་དྲིལ་སྒྲོག་བྱ་འགུལ་བསྡུས་པ་བརྒྱུད་དེ། ལས་བྱེད་པ་རྒན་པར་ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་དྲིལ་སྒྲོག་བྱས། མགོ་ལོག་ཁུལ་གྱིས་སྐབས་གཉིས་པའི་ལས་བྱེད་པ་རྒན་པའི་རིག་གནས་སྒྱུ་རྩལ་ལས་རིགས་ཀྱི་རིག་རྩལ་འཁྲབ་སྟོན་བྱ་འགུལ་བསྡུས་ནས། དུས་རབས་གསར་བའི་ལས་བྱེད་པ་རྒན་པས་ཐོག་མའི་བསམ་འདུན་དང་འགན་འཁྲི་དམ་སྲུང་བྱེད་པ་དང་། ཆབ་སྲིད་ཀྱི་རང་མདངས་རྒྱུན་འཁྱོངས་བྱེད་པའི་སེམས་ཤུགས་འགྲེམ་སྟོན་བྱས། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཏང་ཨུའི་ལས་བྱེད་པ་རྒན་པ་ཅུའུ་ཡིས་སྐྱེ་དགུ་ས་ཁུལ་གྱི་ལས་བྱེད་པ་རྒན་པ་རྩ་འཛུགས་བྱས་ནས་རྒྱལ་འཛུགས་ལས་དོན་ཆེན་པོ་ཞེས་པའི་གློག་བརྙན་ལ་བལྟས་ཏེ། ལས་བྱེད་པ་རྒན་པའི་མི་རིགས་ཀྱི་སྤོབས་བསམ་དང་འགན་འཁྲི་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་བཏང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་ཁུལ་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་ནས་ལས་བྱེད་པ་རྒན་པའི་བྱ་བར་ཆེད་དོན་ཞིབ་འཇུག་བྱས། བྱ་འགུལ་རབ་དང་རིམ་པ་བརྒྱུད་དེ། ལས་བྱེད་པ་རྒན་པ་ཚོས་ཏང་དང་སྲིད་གཞུང་གིས་ཁོ་ཚོར་ཐུགས་ཁུར་བྱས་པར་བཀའ་དྲིས་ཞུས་པ་དང་། རྩ་འཛུགས་ཀྱི་ཐུགས་ཁུར་དེ་སྒུལ་ཤུགས་སུ་བསྒྱུར་ནས། སྔར་བཞིན་དུ་མཚོ་སྔོན་གྱི་འཕེལ་རྒྱས་ཐད་བློ་འདོན་ཇུས་འབུལ་དང་ཤུགས་འདོན་རྒྱུ་ཡིན་པའི་ཚུལ་བསྟན།