ལིག་ཐའོ་ཡིས་སྟོང་སྐོར་རྫོང་གི་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོའི་བྱ་བར་རྟོག་ཞིབ་མཛུབ་སྟོན་བྱས།
2019.10.10 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 19

ཟླ་བཅུ་བའི་ཚེས་དགུ་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ལིག་ཐའོ་ཡིས་ཁོའི་འབྲེལ་གཏུག་བྱེད་ཡུལ་གྱི་སྟོང་སྐོར་རྫོང་དུ་སོང་ནས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོ་སྤེལ་བའི་གནས་ཚུལ་ལ་རྟོག་ཞིབ་མཛུབ་སྟོན་བྱས་པ་དང་། ཉི་ཟླ་བོད་རིགས་ཞང་གི་ཞང་དང་སྡེ་བའི་ཐོན་ལས་འཕེལ་རྒྱས་གནས་ཚུལ་ལ་རྟོག་ཞིབ་གཏིང་ཟབ་བྱས་པར་མ་ཟད། རྫོང་དང་ཞང་། སྡེ་བ་བཅས་ཀྱི་ལས་བྱེད་པར་བཞུགས་མོལ་བརྗེ་རེས་བྱས།

ལིག་ཐའོ་ཡིས་བསྟན་དོན། ཁྱོན་ཡོངས་ནས་བརྗོད་དོན་སློབ་གསོའི་དངོས་ཡོད་དོན་སྙིང་དང་ལོ་རྒྱུས་ཀྱི་དོན་སྙིང་ལ་གོ་བ་ཟབ་མོ་བླངས་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་མཐར་ཕྱིན་བྱས་ཏེ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་ལྟར་དུ། ཏང་ཀྲི་པུའུ་སྡེ་ཚན་ཡིན་པའི་ཚོགས་གསུམ་སློབ་གཅིག་དང་ཏང་གི་བརྗོད་དོན་ཉིན་མོ་སོགས་ཀྱི་ཐབས་ལམ་ལ་བརྟེན་དགོས་པར་མ་ཟད། དེ་མིན་གཞན་པའི་ཐབས་ལམ་སྣ་མང་སྤྱད་དེ་བརྗོད་དོན་སློབ་གསོ་བཟང་བོར་སྤེལ་དགོས་ཟེར།

ལིག་ཐའོ་ཡིས་ནན་གྱིས་བསྟན་དོན། ཉམས་ལེན་དམིགས་ཡུལ་ཡིན་པའི་ཁྲོད་དུ་ཐོག་མའི་བསམ་འདུན་བརྟན་སྲུང་བྱས་ཏེ། མང་ཚོགས་ཀྱིས་གོང་བཀུར་བྱེད་མིན་དང་། སྤྲོ་བ་ཡོད་མེད་དེ་བྱ་བའི་ཚད་ཐིག་གཞལ་ཆས་སུ་བརྩིས་ཏེ། འཕེལ་རྒྱས་མགྱོགས་མྱུར་བཏང་བའི་ཁྲོད་དུ་དམངས་ཚིས་ཕན་བདེ་ཇེ་དྲག་ཏུ་གཏོང་དགོས། ལས་གཉེར་ལས་སྐྲུན་གྱི་ཁྲོད་ནས་འགན་འཁྲི་ཡིད་ལ་དམ་པོར་བཅངས་ཏེ། རིགས་སོ་སོའི་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས་དབུལ་ཐར་མཁྲེགས་གཏོར་དང་མི་རིགས་མཐུན་སྒྲིལ་གྱི་གསར་འཛུགས་ཕན་འབྲས་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་།གྲོང་གསེབ་དར་སྤེལ་འཐབ་ཇུས་ལག་བསྟར་བཟང་བོ་བྱེད་དགོས་ཟེར།