ཞི་ཅིན་ཕིང་གིས་འཛམ་གླིང་ཚན་རྩལ་དང་འཕེལ་རྒྱས་གླེང་སྟེགས་སྐབས་དང་པོ་ཚོགས་པར་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བཏང་།
2019.10.17 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 11

འཛམ་གླིང་ཚན་རྩལ་དང་འཕེལ་རྒྱས་གླེང་སྟེགས་སྐབས་དང་པོ་ཟླ་བཅུ་བའི་ཚེས་བཅུ་དྲུག་ཉིན་པེ་ཅིན་ནས་ཚོགས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚོགས་ཆེན་ལ་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བཏང་།

ཞི་ཅིན་ཕིང་གིས་བསྟན་དོན། མིག་སྔར། སྐོར་ཐེངས་གསར་བའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་བཅོས་བསྒྱུར་རྒྱུན་མ་ཆད་པར་སྤེལ་བ་དང་། ཚན་རྩལ་དང་དཔལ་འབྱོར། སྤྱི་ཚོགས། རིག་གནས། སྐྱེ་ཁམས་བཅས་མཉམ་དུ་འཕེལ་རྒྱས་གཏིང་ཟབ་ཏུ་སྤེལ་ནས། མིའི་རིགས་ཀྱི་དཔལ་ཡོན་འཕེལ་འགྱུར་དང་འཛམ་གླིང་བཅོས་བསྒྱུར་མ་ལག་འཕེལ་རྒྱས་སུ་གཏོང་བའི་ཐད་ཤན་ཤུགས་ཆེན་པོ་བཏོན། ཚན་རྩལ་གསར་གཏོད་ལ་བརྟེན་ནས་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་རྒྱལ་ཁབ་སོ་སོའི་སེམས་ཁུར་བྱེད་པའི་འཛམ་གླིང་རང་བཞིན་གྱི་གནད་དོན་གལ་ཆེན་ཐག་གཅོད་པའི་ངེས་བརྒྱུད་ལམ་བུ་ཡིན་གསུང་།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་སྒོ་འབྱེད་མཉམ་ལས་རྒྱུན་འཁྱོངས་བྱེད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་དང་རང་རྒྱལ་གྱི་འཕེལ་རྒྱས་འཐབ་ཇུས་དང་རྒྱལ་ཁབ་ཀྱི་གནས་ཚུལ་དང་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ཧུར་ཐག་གིས་སྤུས་ཚད་སྔར་ལས་མཐོན་པོ་དང་ལས་ཆོད་སྔར་ལས་ཆེན་པོ། སྔར་ལས་འདྲ་མཉམ་དང་རྒྱུན་མཐུད་བྱེད་ཆོག་པའི་འཕེལ་རྒྱས་མངོན་འགྱུར་བྱེད་དགོས། གླེང་སྟེགས་ཀྱིས་རྒྱལ་ཁབ་སོ་སོའི་ཚན་རིག་པ་དང་སློབ་གསོ་བ། ཁེ་ལས་པའི་བར་གྱི་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། ཐུན་མོང་གི་ལྟ་བ་གཅིག་ཏུ་བསྡུ་བ་དང་བསམ་བློ་བརྗེ་རེས་བྱེད་པ། མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་གྱི་ཐུན་མོང་ཚོགས་པ་འཛུགས་པར་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས་གསུང་།