ཝང་ལིས་མེན་གྱིས་ན་གོར་མོ་གྲོང་ཁྱེར་ལ་བརྗོད་དོན་སློབ་གསོ་སྐོར་ཐེངས་གཉིས་པའི་ཆེད་དོན་ཏང་གི་སློབ་ཁྲིད་བྱས།
2019.10.17 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 21

ཟླ་བཅུ་བའི་ཚེས་བཅུ་བཞི་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཝང་ལིས་མེན་གྱིས་མཚོ་ནུབ་ཁུལ་ན་གོར་མོ་གྲོང་ཁྱེར་གྱི་འགོ་ཁྲིད་ཚན་ཁག་ཆེན་པོ་བཞི་དང་གྲོང་ཁྱེར་ཐད་གཏོགས་ལས་ཁུངས། མཁར་ཁུལ། ཞང་དང་གྲོང་རྡལ་བཅས་ཀྱི་ཏང་ཡོན་ལས་བྱེད་པ་གོ་དྲུག་ལ་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོའི་ཆེད་དོན་ཏང་གི་སློབ་ཁྲིད་བྱས།

ཝང་ལིས་མེན་གྱིས་ན་གོར་མོ་གྲོང་ཁྱེར་གྱི་བརྗོད་དོན་སློབ་གསོ་སྐོར་ཐེངས་གཉིས་པ་བཟང་བོར་བསྒྲུབ་དགོས་པའི་ཐད་ནས་བླང་བྱ་མངོན་གསལ་བཏོན་ནས་ནན་གྱིས་བསྟན་དོན། གྲོང་ཁྱེར་ཡོངས་ཀྱི་རིམ་པ་སོ་སོའི་ཏང་ཡོན་ལས་བྱེད་པས་བརྗོད་དོན་སློབ་གསོ་དང་ཏང་ཀྲུང་དབྱང་གི་ལས་རིམ་ཁག་སོ་སོའི་ཇུས་ཆོད་བཀོད་སྒྲིག་དངོས་འབེབས་བྱེད་རྒྱུ་གཞི་གཅིག་དམ་པོར་སྦྲེལ་ནས། དབུལ་ཐར་མཁྲེགས་གཏོར་དང་རྣམ་པ་གསར་བའི་མཁར་གྲོང་འཛུགས་སྐྲུན། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན། རུལ་སུངས་ལ་ངོ་རྒོལ་བྱེད་པ། ལོ་ཧྲིལ་བོའི་དམིགས་འབེན་ཡོངས་འགྲུབ་བྱེད་པར་འབད་དགོས། ཁུལ་གྱི་འབྲེལ་ཡོད་བླང་བྱ་དང་གཞི་གཅིག་དམ་དུ་སྦྲེལ་ནས། བརྗོད་དོན་སློབ་གསོའི་ཕན་འབྲས་མིག་མཐོང་ལག་ཟིན་ལ་བརྟེན་ནས། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་བཀོད་སྒྲིག་ལ་སྐུལ་འདེད་གཏོང་དགོས་པར་མ་ཟད། མཚོ་སྔོན་གསར་བ་འཛུགས་སྐྲུན་ལ་བྱས་རྗེས་ཆེན་པོ་འཇོག་དགོས་ཟེར།