ལི་ཁི་ཆང་གིས་ཨ་མེ་རི་ཁ་དང་ཀྲུང་གོའི་ཉོ་ཚོང་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་།
2019.10.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 46

ཟླ་བཅུ་བའི་ཚེས་བཅུ་བདུན་ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁི་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨ་མེ་རི་ཁ་དང་ཀྲུང་གོའི་ཉོ་ཚོང་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་ཏུང་ཧྲི་ཚོགས་པའི་ཀྲུའུ་ཞི་ཀི་ལིན་པའོ་ཀི་ཡིས་ཁྲིད་པའི་འཚམས་འདྲི་ཚོགས་པར་མཇལ་འཕྲད་གནང་བར་མ་ཟད་ཁོ་ཚོ་དང་བཞུགས་མོལ་བརྗེ་རེས་གནང་།


རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁི་ཆང་གིས་ཟླ་བཅུ་བའི་ཚེས་བཅུ་བདུན་ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨ་མེ་རི་ཁ་དང་ཀྲུང་གོའི་ཉོ་ཚོང་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་ཏུང་ཧྲི་ཚོགས་པའི་ཀྲུའུ་ཞི་ཀི་ལིན་པའོ་ཀི་ཡིས་ཁྲིད་པའི་འཚམས་འདྲི་ཚོགས་པར་མཇལ་འཕྲད་གནང་བར་མ་ཟད་ཁོ་ཚོ་དང་བཞུགས་མོལ་བརྗེ་རེས་གནང་།

ལི་ཁི་ཆང་གིས་བསྟན་དོན། ཨ་མེ་རི་ཁ་དང་ཀྲུང་གོའི་ཉོ་ཚོང་ཨུ་ཡོན་ལྷན་ཁང་ནི་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་པའི་ཡར་སྔོན་ལ་བཙུགས་པ་དང་། ལོ་ངོ་བཞི་བཅུའི་རིང་ལ་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བའི་འཕེལ་རྒྱས་དང་ཕྱོགས་གཉིས་ཀྱི་གཉིས་ཕན་མཉམ་ལས་ལ་ཡར་སྐུལ་གཏོང་བའི་ཐད་ལ་འཛུགས་སྐྲུན་རང་བཞིན་གྱི་ནུས་པ་འདོན་སྤེལ་བྱས་ཡོད། ཀྲུང་གོ་དང་ཨ་མེ་རི་ཁ་གཉིས་ནི་སོ་སོར་འཛམ་གླིང་གི་ཆེས་ཆེ་བའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དང་ཆེས་དར་རྒྱས་ཆེ་བའི་རྒྱལ་ཁབ་ཡིན་པའི་ཆ་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་བདེ་ཐང་གཏན་འཇགས་ངང་འཕེལ་རྒྱས་སུ་གཏོང་རྒྱུ་དེ་ཕྱོགས་གཉིས་དང་འཛམ་གླིང་ལའང་ཕན་པ་ཡོད། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པའི་བར་བྱུང་བའི་ཐུན་མོང་གི་ལྟ་ཚུལ་གཞིར་བཟུང་ནས། མཐུན་སྦྱོར་དང་མཉམ་ལས། གཏན་འཇགས་བཅས་ཀྱི་གཞི་གདངས་རྒྱུན་འཁྱོངས་བྱེད་པ་དང་། འདྲ་མཉམ་དང་ཕན་ཚུན་ལ་བརྩི་བཀུར་བྱེད་པའི་རྨང་གཞིའི་སྟེང་ཕན་ཚུན་བར་གྲོས་མོལ་བྱེད་པའི་རྣམ་པ་བརྒྱུད་དེ་འབྲེལ་ཡོད་གནད་དོན་ཐག་གཅོད་བྱེད་དགོས། ཡུན་རིང་ལ་དམིགས་པ་དང་རྨང་རྐང་བརྟན་པོའི་སྒོ་ནས་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་འབྲེལ་བ་ཡང་དག་པའི་འཕེལ་རྒྱས་བགྲོད་ལམ་དུ་མདུན་སྐྱོད་བྱེད་པར་སྐུལ་འདེད་གཏོང་དགོས། རེ་བ་ཡིན་ན་ཨ་མེ་རི་ཁ་དང་ཀྲུང་གོའི་ཉོ་ཚོང་ཨུ་ཡོན་ལྷན་ཁང་དང་བཅས་པའི་ཨ་མེ་རི་ཁའི་བཟོ་ཚོང་ལས་རིགས་ཀྱི་མི་སྣས་མུ་མཐུད་དུ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། དམངས་ཁྲིད་བར་གྱི་རྒྱུས་ལོན་དང་བརྗེ་རེས་ཇེ་དྲག་ཏུ་གཏོང་བར་ཧུར་བརྩོན་རང་བཞིན་གྱི་ནུས་པ་འདོན་སྤེལ་བྱེད་དགོས་ཟེར།

ལི་ཁི་ཆང་གིས་བསྟན་དོན། ཀྲུང་གོའི་སྒོ་འབྱེད་ཀྱི་སྒོ་ཆེན་གཏན་མི་སྲིད་པར་མ་ཟད་ཆེ་ནས་ཆེ་རུ་ཕྱེ་ངེས་ཡིན། ང་ཚོས་ཁྱོན་ཡོངས་ནས་བཟོ་སྐྲུན་ལས་རིགས་ཁོད་ཡངས་སུ་བཏང་ཡོད་པ་དང་ཞབས་ཞུའི་ལས་རིགས་ཀྱང་མུ་མཐུད་དུ་ཁོད་ཡངས་སུ་གཏོང་བར་སྐུལ་འདེད་གཏོང་བཞིན་ཡོད། ང་ཚོས་རྒྱལ་སྤྱིའི་སྔོན་ཐོན་ཆུ་ཚད་ཚད་གཞིར་བཟུང་ནས་ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་གྱི་ཚོང་གཉེར་ཁོར་ཡུག་བསྐྲུན་པ་དང་། རྒྱལ་ཁབ་ཕྱི་ནང་གི་དངུལ་གཏོང་ཁེ་ལས་སོགས་རིགས་སྣ་ཚོགས་ཀྱི་ཚོང་རའི་གྲུབ་ཆ་གཙོ་བོར་གཅིག་མཐུན་གྱི་ལྟ་སྟངས་བཟུང་ནས། ཁེ་དབང་དང་ཤེས་བྱའི་ཁེ་དབང་ལ་སྲུང་སྐྱོབ་བྱེད་པ་སྔར་ལས་གཟབ་ནན་ཏུ་གཏོང་རྒྱུ་ཡིན། ཀྲུང་གོ་ནི་མི་གྲངས་དུང་ཕྱུར་བཅུ་བཞི་ཡོད་པའི་ཁྲོམ་ར་ཆེན་པོ་ཞིག་ཡིན་ལ། འཛད་སྤྱོད་མུ་མཐུད་དུ་མཐོར་འདེགས་སུ་འགྲོ་བཞིན་ཡོད་པ་དང་ཚོང་ལས་ཀྱི་གོ་སྐབས་དང་མི་མངོན་པའི་སྟོབས་ཤུགས་ཧ་ཅང་ཆེན་པོ་ཡོད་པ་རེད། ཀྲུང་གོའི་འཕེལ་རྒྱས་ནི་འཛམ་གླིང་གི་གོ་སྐབས་ཤིག་ཀྱང་ཡིན། ཨ་མེ་རི་ཁ་དང་བཅས་པའི་རྒྱལ་ཁབ་སོ་སོའི་ཁེ་ལས་ཀྱིས་ཀྲུང་གོར་དངུལ་གཏོང་མཉམ་ལས་བྱེད་པའི་ཁྱབ་རྒྱ་སྔར་ལས་ཇེ་ཆེར་བཏང་ནས། གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱེད་པར་དགའ་བསུ་བྱེད་བཞིན་ཡོད་ཟེར།

ཨ་མེ་རི་ཁའི་འཐུས་ཚབ་ཚོགས་པས་བསྟན་དོན། ཨ་མེ་རི་ཁ་དང་ཀྲུང་གོའི་མཉམ་ལས་ནི་ཕྱོགས་གཉིས་ཀྱི་ཐུན་མོང་གི་ཁེ་ཕན་དང་མཐུན་པ་རེད། ཨ་མེ་རི་ཁའི་བཟོ་ཚོང་ལས་རིགས་ཀྱིས་ཀྲུང་གོའི་བར་འབྲེལ་འདྲིས་བྱེད་པ་རྒྱུན་འཁྱོངས་བྱེད་རྒྱུར་རེ་བ་བྱེད་བཞིན་ཡོད་པ་དང་། ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་ཐག་ཆད་པ་དང་ཉོ་ཚོང་གི་འགལ་བ་དང་སྒོ་ཁྲལ་འཕར་མའི་གནས་ཚུལ་འབྱུང་བར་གཏན་ནས་རེ་བ་བྱེད་བཞིན་མེད་ཟེར།

ཧི་ལི་ཧྥིན་མཇལ་འཕྲད་ལ་ཞུགས།