ཟླ་བཅུ་བའི་ཚེས་བཅུ་དགུ་ཉིན་ནས་ཚེས་ཉི་ཤུ་ཉིན། མཚོ་སྔོན་ཞིང་ཆེན་ཏང་སྲིད་འཐུས་ཚབ་ཚོགས་པ་ཧྲན་ཞི་རུ་སོང་ནས་སློབ་སྦྱོང་ལྟ་ཞིབ་བྱས་པ་མ་ཟད། མཉམ་ལས་བརྗེ་རེས་བཞུགས་མོལ་ཚོགས་འདུ་བསྡུས། ཧྲན་ཞི་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ལའོ་ཧོས་ཉིང་དང་། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན། ཧྲན་ཞི་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལོའུ་དབྱང་ཧྲིན། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིང་། ཧྲན་ཞི་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་ལིས་ཅཱ། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་བཅས་ཚོགས་འདུར་ཞུགས།
ལའོ་ཧོས་ཉིང་གིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་དམངས་འཐུས་ཚོགས་ཆེན། ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས་བཅས་ཀྱི་ཚབ་བྱས་ནས་མཚོ་སྔོན་ཞིང་ཆེན་ཏང་སྲིད་འཐུས་ཚབ་ཚོགས་པ་ཧྲན་ཞི་རུ་ལྟ་ཞིབ་བྱེད་པར་ཡོང་བར་དགའ་བསུ་ཞུས་པ་དང་། དུས་ཡུན་རིང་བོར་མཚོ་སྔོན་གྱིས་ཧྲན་ཞི་བཅོས་བསྒྱུར་འཕེལ་རྒྱས་སུ་གཏོང་བར་རྒྱབ་སྐྱོར་དང་རོགས་རམ་ཆེན་པོ་བྱས་པར་བཀའ་དྲི་ཞུས་པ་ཡིན་ཟེར། ལའོ་ཧོས་ཉིང་གིས་བཤད་རྒྱུར། མཚོ་སྔོན་ཞིང་ཆེན་ལ་མཚོན་ན་ཏང་དང་རྒྱལ་ཁབ་བྱ་བའི་སྤྱི་ཡོངས་ཁྲོད་དམིགས་བསལ་གྱི་གོ་གནས་གལ་ཆེན་ཡོད་པ་དང་། ཉེ་བའི་ལོ་འགའི་རིང་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག མཚོ་སྔོན་ཞིང་ཆེན་ཏང་ཨུས་ཞིང་ཆེན་ཡོངས་ཀྱི་ལས་བྱེད་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས། འཕེལ་རྒྱས་ཀྱི་འཐབ་ཇུས་གལ་ཆེན་ལག་བསྟར་གཏིང་ཟབ་བྱས་པས། ཕྱོགས་སོ་སོའི་བྱ་བའི་ཐད་ནས་གྲུབ་འབྲས་མི་དམན་པ་བླངས་པ་དང་སྣང་བརྙན་གསར་བ་མངོན་ལ། ངས་ལྷག་བསམ་རྣམ་དག་གིས་རྟེན་འབྲེལ་ཞུས་པ་ཡིན། ཧྲན་ཞི་ཡིས་མཚོ་སྔོན་འཕེལ་རྒྱས་ཀྱི་བྱེད་ཐབས་བཟང་བོ་དང་ཉམས་མྱོང་བཟང་བོར་སློབ་སྦྱོང་ནན་མོ་བྱེད་རྒྱུ་ཡིན། གནའ་ནས་ད་བར་དུ། ཞིང་ཆེན་གཉིས་ཀྱི་འགྲོ་འོང་བརྗེ་རེས་ཆ་མ་མྱོང་ལ། ལོ་རྒྱུས་ཀྱི་རྒྱུན་ཧ་ཅང་རིང་། ཉེ་བའི་ལོ་འགའི་རིང་ལ། ཞིང་ཆེན་གཉིས་ཀྱིས་རྒྱུད་གཅིག་ལམ་གཅིག་སོགས་འཐབ་ཇུས་ཀྱི་གལ་ཆེན་གྱི་གོ་སྐབས་དམ་འཛིན་བྱས་པ་དང་། སྦྲེལ་མཐུད་ལ་མཉམ་ལས་ཇེ་མང་དུ་བཏང་བས། ཏང་སྲིད་བརྗེ་རེས་དང་དཔལ་འབྱོར་ཉོ་ཚོང་ཐད་ནས་གཉིས་ཀར་ཕན་པ། མི་གཞུང་བརྗེ་རེས་ཐད་ནས་ཀུན་ལ་ཕན་པའི་རྣམ་པ་གསབ་མངོན་པར་བྱས། མིག་སྔར། མཚོ་སྔོན་དང་ཧྲན་ཞི་གཉིས་ཀ་ཚུལ་བསྒྱུར་འཕེལ་རྒྱས་ཀྱི་གནད་འགག་དུས་སྐབས་སུ་སླེབས་ཡོད་པ་དང་། ལྗང་མདོག་འཕེལ་རྒྱས་ནི་ཐུན་མོང་གི་ལས་འགན་དང་བཅོས་བསྒྱུར་གསར་གཏོད་ནི་ཐུན་མོང་གླེང་གཞི་ཡིན་ལ། ད་དུང་རྨ་ཆུའི་བཞུར་རྒྱུན་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ཀྱི་ཐུན་མོང་གི་འཐབ་ཇུས་ལས་འགན་ཞིང་ཆེན་གཉིས་ཀྱི་ཕྲག་ཏུ་བབས་ཡོད་པས། ཞིང་ཆེན་གཉིས་ཀྱིས་ཐེངས་འདིའི་བཞུགས་མོལ་གོ་སྐབས་སུ་བརྩིས་ནས། ཚན་རྩལ་དང་དཔལ་འབྱོར་ཉོ་ཚོང་། སྐྱེ་ཁམས། མི་གཞུང་། ཏང་འཛུགས་སོགས་ཁྱབ་ཁོངས་མང་པོའི་བརྗེ་རེས་སྔར་ལས་གཏིང་ཟབ་ཏུ་སྤེལ་བ་དང་། མཉམ་དུ་རྨ་ཆུའི་བཞུར་རྒྱུན་ས་ཁོངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ། མཉམ་དུ་ནུས་ཁུངས་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བ། རིག་གནས་གནས་སྐོར་མཉམ་ལས་རྒྱ་སྐྱེད་དེ། ཕྱོགས་གཉིས་ཀྱི་དགེ་མཚན་ཁ་གསབ་དང་མཉམ་ལས་གཉིས་རྒྱལ་དེ་ཆུ་ཚད་གསར་བ་ཞིག་ཏུ་བསླེབ་པར་སྐུལ་འདེད་གཏོང་དགོས་ཟེར།
ཝང་ཅན་ཅུན་གྱིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་ཚབ་བྱས་ནས། ཧྲན་ཞི་ཡིས་མཚོ་སྔོན་གྱི་བྱ་བར་རྒྱབ་སྐྱོར་ཆེན་པོ་བྱས་པར་བཀའ་དྲིན་ཞུས་པ་དང་། ཧྲུའུ་ཅི་ལའོ་ཧོས་ཉིང་གིས་མཚོ་སྔོན་དུ་བྱ་བ་སྒྲུབ་པའི་སྐབས་སུ་བྱས་རྗེས་ཆེན་པོ་བཞག་པར་དད་གུས་ཞུས། ཁོས་བཤད་རྒྱུར། མཚོ་སྔོན་ནི་རྨ་ཆུའི་འགོ་ཁུངས་ཡིན་པ་དང་། ཧྲན་ཞི་རྨ་ཆུའི་བར་རྒྱུད་ཡིན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དངོས་སུ་འགོ་མཛིན་མཛད་དེ་བསྡུས་པའི་རྨ་ཆུའི་བཞུར་རྒྱུན་ས་ཁོངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ཀྱི་བཞུགས་མོལ་ཚོགས་འདུའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པའི་ཐད་ནས། ཞིང་ཆེན་གཉིས་ཀྱིས་སྲུང་སྐྱོབ་ཆེན་པོ་དམ་འཛིན་བྱེད་པ་དང་མཉམ་དུ་བཅོས་སྐྱོང་ཆེན་པོ་སྤེལ་བའི་འགན་འཁྲི་ཆེན་པོ་ཕྲག་ཏུ་བླངས་ཡོད། ཉེ་བའི་ལོ་འགའི་རིང་ལ། ཧྲན་ཞི་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གཉིས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་རླབས་ཆེན་གྱི་དར་ཆ་མཐོན་པོར་བསྒྲེང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྲན་ཞི་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ལ། སྣེ་ཁྲིད་གཅིག་དང་ཕྱོགས་གཉིས་དམ་འཛིན་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་ཐད་ནས་གྲུབ་འབྲས་གཡུར་དུ་ཟ་བ་བླངས། ཧྲན་ཞི་ཡིས་འགོ་གཙོའི་དགོངས་པའི་སློབ་སྦྱོང་བྱེད་པའི་ཐད་ཀྱི་ཉམས་མྱོང་བཟང་བོ་དང་བཅོས་བསྒྱུར་སྒོ་འབྱེད་གཏིང་ཟབ་ཏུ་སྤེལ་བའི་སྟེང་གི་བྱེད་ཐབས་བཟང་བོ། སྤུས་ཚད་མཐོན་པོས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ཀྱི་འདུ་ཤེས་བཟང་བོ། དབུལ་ཐར་མཁྲེགས་གཏོར་བྱ་བའི་སྟེང་གི་འཚོལ་ཞིབ་བཟང་བོ། ཏང་ཁྱོན་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པའི་སྟེང་གི་བྱེད་ཐབས་བཟང་བོ་བཅས་ལ་མཚོ་སྔོན་གྱིས་སློབ་སྦྱོང་དཔེ་ལྟ་བྱེད་འོས། ང་ཚོས་ཧྲན་ཞི་བར་གྱི་ནུས་ཁུངས་དང་ཐོན་ལས། གནས་སྐོར་རིག་གནས། མི་གཞུང་བརྗེ་རེས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་བརྗེ་རེས་ལ་ཤུགས་བསྣན་ནས། ཧྲན་ཞི་དང་མཚོ་སྔོན་གྱི་གཉིས་ཕན་འཕེལ་རྒྱས་ཐད་ཀྱི་རྣམ་པ་གསར་བ་བསྐྲུན་པར་རེ་སྒུག་བྱས་ཡོད་ཟེར།
ལིག་ཉིང་གིས་མཚོ་སྔོན་ཞིང་ཆེན་གྱི་གནས་ཚུལ་ངོ་སྤྲོད་མདོར་བསྡུས་བྱེད་པའི་རྨང་གཞིའི་སྟེང་། མི་རིགས་འཆམ་མཐུན་འཕེལ་རྒྱས་སུ་གཏོང་བ་དང་སྐྱེ་ཁམས་སྲུང་སྐྱོབ་དམ་འཛིན་བྱེད་པ། བློ་བརྟན་འགྱུར་མེད་ཀྱིས་དབུལ་ཐར་མཁྲེགས་གཏོར་བྱ་བ་བསྒྲུབ་པ། རྒྱུན་འཁྱོངས་ལྷོད་མེད་སྒོས་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་བཅོས་བསྒྱུར་སྒོ་འབྱེད་གཏིང་ཟབ་ཏུ་སྤེལ་བ། སྟོབས་ཤུགས་ཡོད་རྒུས་དམངས་ཚིས་ལེགས་བསྒྱུར་བྱེད་པ་སོགས་ཕྱོགས་ནས་མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་ངོ་སྤྲོད་བྱས།
ཧྲན་ཞི་རུ་ལྟ་ཞིབ་བྱེད་པའི་སྐབས་སུ། མཚོ་སྔོན་ཞིང་ཆེན་གྱི་ཏང་སྲིད་འཐུས་ཚབ་ཚོགས་པས་སྔ་གཞུག་ཏུ་ཐའེ་ཡོན་གྲོང་ཁྱེར་དང་ཅིན་ཀྲུང་གྲོང་ཁྱེང་དུ་སོང་ནས། ཁྲང་ཧྥུན་རིག་གནས་ཚོང་དོན་ཆུའུ་དང་ཐའེ་ཡོན་གྱི་གྲོང་ཁྱེར་འཛུགས་སྐྲུན་ཡུལ་དངོས། ཧྲན་ཞི་ནུས་ཁུངས་གསར་བའི་རླབས་འཁོར་ཀུང་ཟི་སོགས་ལ་ལྟ་ཞིབ་བྱས།