སྐོར་ཐེངས་གཉིས་པའི་བརྗོད་དོན་སློབ་གསོའི་ཀྲུང་དབྱང་མཛུབ་སྟོན་ཚན་ཆུང་དང་སྐོར་སྐྱོད་ལྟ་སྐུལ་མཛུབ་སྟོན་ཚན་ཆུང་སྐོར་ཞིག་གི་བྱ་བའི་བཞུགས་མོལ་ཚོགས་འདུ་པེ་ཅིན་ནས་ཚོགས།
2019.10.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 23

སྐོར་ཐེངས་གཉིས་པའི་བརྗོད་དོན་སློབ་གསོའི་ཀྲུང་དབྱང་མཛུབ་སྟོན་ཚན་ཆུང་དང་སྐོར་སྐྱོད་ལྟ་སྐུལ་མཛུབ་སྟོན་ཚན་ཆུང་སྐོར་ཞིག་གི་བྱ་བའི་བཞུགས་མོལ་ཚོགས་འདུ་ཚེས་ཉེར་གཅིག་ཉིན་པེ་ཅིན་ནས་ཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་གི་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་དབྱང་ཞའོ་ཏུའུ་ཡིས་ཚོགས་འདུར་འགོ་མཛིན་བྱས་པར་མ་ཟད་གཏམ་བཤད།

ཚོགས་ཐོག་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་སྐོར་ཐེངས་གཉིས་པའི་བརྗོད་དོན་སློབ་གསོའི་ཐད་ནས་དོ་སྣང་བཞི་ལག་བསྟར་བྱེད་པའི་སྐོར་གྱི་མཆན་བཀོད་མཛུབ་སྟོན་གྱིས། གནད་འགག་དམ་འཛིན་བྱས་ཡོད་པ་དང་གནད་ཐོག་ཏུ་འཁེལ་ཡོད་ལ། སྐོར་ཐེངས་གཉིས་པའི་བརྗོད་དོན་བཟང་བོར་སྤེལ་བའི་ཐད་འབད་བརྩོན་གྱི་ཁ་ཕྱོགས་གསལ་བོ་བསྟན་པ་དང་ཚན་རིག་གི་སྣེ་ཁྲིད་འདོན་སྤྲོད་བྱས། རིགས་བགར་ནས་མཛུབ་སྟོན་བྱེད་པར་དོ་སྣང་བྱེད་པ་དང་སྒོ་ཕྱེ་ནས་སློབ་གསོར་དམ་འཛིན་བྱེད་པར་དོ་སྣང་བྱེད་པ། མང་ཚོགས་ཀྱིས་ཆེས་སེམས་ཁྲལ་བྱེད་པ་དང་རེ་སྒུག་བྱེད་པ། བྲེལ་མྱུར་ཆེ་བའི་གནད་དོན་ཐག་གཅོད་པར་དོ་སྣང་བྱེད་པ། གཞི་རིམ་གྱི་ཁུར་བོ་ཇེ་ཡང་དུ་གཏོང་བར་དོ་སྣང་བྱེད་པ། རྩ་འཛུགས་འགོ་ཁྲིད་བཟང་བོ་བྱེད་པར་དམ་འཛིན་བྱེད་པ་བཅས་ཀྱི་རེ་བ་ལག་བསྟར་ནན་མོ་བྱེད་པ་དང་མཛུབ་སྟོན་ལྟ་སྐུལ་ལ་ཤུགས་བསྣན་ནས། བརྗོད་དོན་སློབ་གསོ་ཡོངས་ཁེབས་བྱེད་པར་ཁག་ཐེག་བྱེད་པ་དང་། བརྗོད་དོན་སློབ་གསོ་དེ་ཏང་གི་མང་ཚོགས་ལམ་ཕྱོགས་ལག་བསྟར་བྱེ་པའི་ལག་ལེན་དངོས་སུ་འགྱུར་བར་བྱེད་དགོས། མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་ཇེ་དྲག་ཏུ་གཏོང་དགོས། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་བཀག་འགོག་བྱེད་པ་དང་། ལྟ་སྐུལ་སྟེང་འགན་འཁྲི་ལག་བསྟར་དང་ཆུ་ཚད་མངོན་པར་བྱས་ཏེ། བརྗོད་དོན་སློབ་གསོའི་ལས་འགན་རེ་བ་སྣ་ཚོགས་ལག་བསྟར་བྱེད་པ་དང་གྲུབ་འབྲས་ལེན་པར་ཁག་ཐེག་བྱེད་དགོས་ཟེར།