ཞི་ཅིན་ཕིང་གིས་ཉིས་སྟོང་བཅུ་དགུ་ལོའི་ཐེ་ཡོན་ནུས་ཁུངས་ཐན་ཉུང་འཕེལ་རྒྱས་གླེང་སྟེགས་ལ་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར།
2019.10.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 29

ཟླ་བཅུ་བའི་ཚེས་ཉེར་གཉིས་ཉིན། ཉིས་སྟོང་བཅུ་དགུ་ལོའི་ཐེ་ཡོན་ནུས་ཁུངས་ཐན་ཉུང་འཕེལ་རྒྱས་གླེང་སྟེགས་ཧྲན་ཞིའི་ཐེ་ཡོན་ནས་ཚོགས་འགོ་བརྩམས་པ་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར།

ཞི་ཅིན་ཕིང་གིས་གསུངས་རྒྱུར། ནུས་ཁུངས་ཐན་ཉུང་འཕེལ་རྒྱས་དེ་མིའི་རིགས་ཀྱི་མ་འོངས་པར་འབྲེལ་བ་ཡོད། ཀྲུང་གོས་ནུས་ཁུངས་ཐན་ཉུང་འཕེལ་རྒྱས་ལ་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པ་དང་། ཧུར་ཐག་སྒོས་ནུས་ཁུངས་འཛད་སྤྱོད་དང་མཁོ་འདོན། ལག་རྩལ། སྒྲིག་སྲོལ་གསར་བརྗེ་ལ་སྐུལ་འདེད་གཏོང་བཞིན་ཡོད། ཀྲུང་གོས་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་ཁྱོན་ཡོངས་ནས་ནུས་ཁུངས་མཉམ་ལས་ལ་ཤུགས་སྣོན་ཞིང་ནུས་ཁུངས་བདེ་འཇགས་སྲུང་སྐྱོབ་བྱེད་པ་དང་། ནམ་ཟླའི་འགྱུར་ལྡོག་ལ་ཁ་གཏད་འཇལ་ཞིང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པ་དང་། རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་འཛམ་གླིང་གི་རྒྱལ་ཁབ་སོ་སོའི་མི་དམངས་ལ་བདེ་སྐྱིད་སྐྲུན་འདོད་ཡོད་ཟེར།