ཞི་ཅིན་ཕིང་གིས་ཕྱི་རྒྱལ་གྱི་མགོ་ཁྲིད་པ་དང་མཉམ་དུ་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་འགྲེམ་སྟོན་ཚོགས་འདུ་སྐབས་གཉིས་པའི་འགྲེམ་སྟོན་ཁང་ལ་གཟིགས་སྐོར་མཛད།
2019.11.06 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 17

ཟླ་བཅུ་གཅིག་པའི་ཚེས་ལྔ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཧྲང་ཧེ་ནས་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་འགྲེམ་སྟོན་ཚོགས་འདུ་མགོ་རྩོམ་པའི་མཛད་སྒོར་ཞུགས་རྗེས། ཚོགས་འདུར་ཞུགས་པའི་ཕྱི་རྒྱལ་གྱི་མགོ་ཁྲིད་པ་དང་མཉམ་དུ་འགྲེམ་སྟོན་ཁང་ལ་གཟིགས་སྐོར་མཛད།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཚེས་ལྔ་ཉིན་ཧྲང་ཧེ་ནས་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་འགྲེམ་སྟོན་ཚོགས་འདུ་མགོ་རྩོམ་པའི་མཛད་སྒོར་ཞུགས་རྗེས། ཚོགས་འདུར་ཞུགས་པའི་ཕྱི་རྒྱལ་གྱི་མགོ་ཁྲིད་པ་དང་མཉམ་དུ་འགྲེམ་སྟོན་ཁང་ལ་གཟིགས་སྐོར་མཛད།

ཞི་ཅིན་ཕིང་ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་གི་འགྲོ་རོགས་འོག་ཐོག་མར་ཧྥ་རན་སིའི་འགྲེམ་སྟོན་ལ་ཁང་ལ་ཕེབས། མཱ་ཁི་ལུང་གིས་སྤྲོ་སེམས་འཁོལ་བའི་ངང་ཞི་ཅིན་ཕིང་ལ་ཧྥ་རན་སིའི་རྒུན་ཆང་དང་ནོར་ཤའི་ཟས་རིགས་ལ་རོལ་ཏུ་བཅུག ཡུལ་དངོས་ཀྱི་ཧྥ་རན་སིའི་ཁེ་ལས་པས་སྔ་གཞུག་བརྩད་དེ་ཞི་ཅིན་ཕིང་ལ་ཧྥ་རན་སིའི་ཁེ་ལས་ཀྱིས་ཀྲུང་གོའི་ཁྲོམ་ར་ཡིད་ཆེས་བཅངས་ཡོད་པ་དང་། ཀྲུང་གོར་ཕྱིར་གཏོང་བྱེད་ཚད་སྔར་ལས་རྒྱ་བསྐྱེད་རྒྱུར་སྒུག་ཡོད་ཅེས་བཤད། ཞི་ཅིན་ཕིང་གིས་ཀྲུང་གོའི་འཛད་སྤྱོད་ཁྲོམ་ར་ཧ་ཅང་ཆེ་བས། རིམ་པ་མི་འདྲ་བའི་དགོས་མཁོ་སྣ་མང་བསྐོང་ཐུབ། ཧྥ་རན་སིའི་ཁེ་ལས་པས་མིག་རྒྱང་རིང་པོ་བཅངས་ནས་ཀྲུང་གོའི་བར་གྱི་གཉིས་ཕན་མཉམ་ལས་ལ་ཤུགས་སྣོན་རྒྱུ་ནི་ང་ཚོའི་རེ་བ་ཡིན་ཞེས་གསུངས།

རྒྱལ་ཁབ་ཕྱི་ནང་གི་མགོ་ཁྲིད་པ་རྣམས་ཀྱིས་འགྲོ་ཞོར་དུ་འགྲེམ་སྟོན་ལ་གཟིགས་པ་དང་། ཞི་ཅིན་ཕིང་རྒྱལ་ཁབ་ཁ་ཤས་ཀྱི་འགྲེམ་སྟོན་ཁང་ལ་ཕེབས།

ཞི་ཅིན་ཕིང་གིས་རྒྱལ་ཁབ་སོ་སོའི་ཁྱད་ལྡན་ཐོན་རྫས་ལ་འགྲན་རྩོད་ནུས་ཤུགས་ཆེན་པོ་ལྡན་པ་དང་། རྒྱལ་ཁབ་སོ་སོ་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་འགྲེམ་སྟོན་ཚོགས་འདུར་ཞུགས་ཏེ། འོས་སྦྱོར་ལ་ཤུགས་སྣོན་པར་དགའ་བསུ་ཞུ། འདིས་ཀྲུང་གོ་མི་དམངས་ཀྱིས་མཛེས་སྡུག་འཚོ་བར་བཅངས་པའི་རེ་སྒུག་སྔར་ལས་བཟང་པོར་བསྐོང་ཐུབ་པ་དང་འདི་ནི་གཉིས་ཕན་མཉམ་རྒྱལ་ཡིན་ཞེས་བསྟན།

རྒྱལ་ཁབ་ཕྱི་ནང་གི་མགོ་ཁྲིད་པས་ད་དུང་ཀྲུང་གོའི་ཐའེ་ཝན་དང་ཨོ་མིན། ཞང་ཀང་བཅས་ཀྱི་འགྲེམ་སྟོན་ཁུལ་ལ་མཉམ་དུ་གཟིགས་སྐོར་མཛད།

རྒྱལ་ཁབ་སོ་སོའི་མགོ་ཁྲིད་པས་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་འགྲེམ་སྟོན་ཚོགས་འདུར་གདེང་འཇོག་མཐོན་པོ་བྱས་པ་དང་། གོ་སྐབས་འདི་དམ་འཛིན་བྱས་ཏེ་ཕྱོགས་གཉིས་ཀྱི་འབྱོར་ཚོང་མཉམ་ལས་ཀྱི་རིམ་པ་ཇེ་མཐོར་གཏོང་འདོད་ཡོད་པའི་ཚུལ་བསྟན།