ཁོང་ཡུང་གིས་སྡོད་ཁང་འཛུགས་སྐྲུན་དང་འགྲིམ་འགྲུལ་ཁྱབ་ཁོངས་ཀྱི་བྱ་བར་རྟོག་ཞིབ་བྱས།
2019.11.08 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ་བཅུ་གཅིག་པའི་ཚེས་ལྔ་ནས་ཚེས་དྲུག་ཉིན་བར། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཁོང་ཡུང་གིས་ཟི་ལིངགྲོང་ཁྱེར་གྱི་སྡོད་ཁང་འཛུགས་སྐྲུན་དང་འགྲིམ་འགྲུལ་ཁྱབ་ཁོངས་ཀྱི་གཅོ་གཞིའི་རྣམ་གྲངས་ལ་རྟོག་ཞིབ་དང་ལྟ་སྐུལ་སློབ་སྟོན་བྱས་ཤིང་བཟོ་སྐྲུན་འཕེལ་རིམ་གྱི་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས་པ་མ་ཟད་ཡུལ་དངོས་ནས་གནད་དོན་ཐག་གཅོད་དང་འཛུགས་སྐྲུན་ཐད་རེ་བ་གསལ་བོ་བཏོན།

ཁོང་ཡུང་གིས་མཁར་བྱང་ཁུལ་གྱི་ཞིས་ཀང་གཞིས་ཁུལ་དང་ཧོང་གྲོང་རྫོང་གི་ལས་གྱ་གྲོང་རྡལ་གྱི་ལས་གྱ་སྡེ་བ། ཟི་ལིང་གྲོང་ཁྱེར་མཁར་དཀྱིལ་ཁུལ་གྱི་བན་ཁུ་གཞིས་ཁུལ་སོགས་སུ་གཞིས་ཁུལ་རྙིང་བའི་བསྒྱུར་བཀོད་རྣམ་གྲངས་དང་རོང་འབྲོག་མང་ཚོགས་ཀྱི་སྡོད་ཁང་ལེགས་བསྒྱུར་གྱི་ལས་གཞི་སོགས་ལ་རྟོག་ཞིབ་བྱེད་སྐབས་བསྟན་དོན། སྡོད་ཁང་འཛུགས་སྐྲུན་གྱི་རྣམ་གྲངས་གཞི་རྒྱ་ཆེ་ལ་འགན་ཁུར་ལྕི་ཞིང་དམངས་ཚིས་ཀྱི་ཕྱོགས་དང་དམ་དུ་འབྲེལ་ཡོད་པས་ས་ཁུལ་སོ་སོའི་སྲིད་གཞུང་གིས་མཐོང་ཆེན་བླ་ལྷག་བྱ་དགོས་ཤིང་གཞིས་ཁུལ་རྙིང་བའི་ལེགས་བཅོས་རྣམ་གྲངས་འཛུགས་སྐྲུན་གྱི་ཚད་གཞི་རུ་ཐོན་དགོས་ཟེར།