མཚོ་སྔོན་ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་ཉིས་སྟོང་བཅུ་དགུ་ལོའི་སྟོན་ཁའི་སློབ་རོགས་བྱ་འགུལ་ཉེ་ལམ་མཇུག་སྒྲིལ།
2019.11.17 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 21

མཚོ་སྔོན་ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་ཉིས་སྟོང་བཅུ་དགུ་ལོའི་སྟོན་ཁའི་སློབ་རོགས་བྱ་འགུལ་ཉེ་ལམ་མཇུག་སྒྲིལ། གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོར་བསྡོམས་པས་ཞིང་ཆེན་ཡོངས་ཀྱི་ཆ་རྐྱེན་དང་མཐུན་པའི་དཀའ་ཁག་ཆེ་བའི་ལས་བཟོ་བའི་ཁྱིམ་ཚང་གི་བྱིས་པ་དགུ་བརྒྱད་དང་དོན་གསུམ་ལ་གནད་ཕིགས་སློབ་རོགས་མ་དངུལ་སྒོར་ས་ཡ་བཞི་དང་འབུམ་དྲུག་ཁྲི་གསུམ་ལྷག་བྱིན་ཏེ། དཀའ་ཁག་ཆེ་བའི་ལས་བཟོ་བའི་ཁྱིམ་ཚང་གི་མཐར་ཕྱིན་སློབ་མར་ལས་ཞུགས་ཞབས་ཕྱི་མི་ཐེངས་བཞི་བརྒྱད་དང་ང་གསུམ་འདོན་སྤྲོད་བྱས་ཤིང་། མི་སུམ་བརྒྱ་དང་ལྔ་བཅུའི་ལས་ཞུགས་ཐད་ལ་རོགས་རམ་བྱས་པ་དང་། དཀའ་ཁག་ཆེ་བའི་ལས་བཟོ་བའི་ཁྱིམ་ཚང་གི་བྱིས་པའི་སློབ་ཞུགས་སློབ་བརྩོན་དང་ལས་ཞུགས་ལས་སྤེལ་གྱི་ཕུགས་འདུན་མངོན་འགྱུར་བྱེད་པར་རོགས་རམ་བྱས་པར་མ་ཟད། དཀའ་ཁག་ཆེ་བའི་ལས་བཟོ་བའི་ཁྱིམ་ཚང་གི་དཔལ་འབྱོར་ཁུར་བོ་ཇེ་ཡང་དུ་བཏང་།

ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་བཟོ་ཚོགས་རྩ་འཛུགས་ཀྱིས་འབྲེལ་ཡོད་གཏན་འཁེལ་ལྟར། སློབ་རོགས་སྐྱོབ་རོགས་ཀྱི་ཁྱབ་ཁོངས་མུ་མཐུད་རྒྱ་སྐྱེད་པ་དང་ཁ་གསབ་ཚད་གཞི་ཇེ་མཐོར་གཏོང་བའི་རྨང་གཞིའི་སྟེང་། དཀའ་ཁག་ཆེ་བའི་ལས་བཟོ་བའི་ཁྱིམ་ཚང་གི་བྱིས་པར་རོགས་སྐྱོར་བྱེད་པའི་བྱ་འགུལ་གཏིང་ཟབ་ཏུ་སྤེལ་བ་དང་རྒྱུན་མཐུད་སྒོས་རོགས་སྐྱོར་བྱས་ཏེ་མགོ་ཁུངས་ནས་དཀད་ཁག་ཐག་གཅོད་པར་རོགས་རམ་བྱས།