ཝང་ལིས་མེན་གྱིས་ན་གོར་མོ་གྲོང་ཁྱེར་དུ་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སྒྲོག་འགྲེལ་བྱས།
2019.11.18 ཁུངས། ཀློག་གྲངས། 26

ཟླ་11པའི་ཚེས་16ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཝང་ལིས་མེན་འབྲེལ་གཏུག་ས་ཚིགས་ཏེ་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་དུ་སོང་ནས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སྒྲོག་འགྲེལ་སྙན་ཞུ་ཕུལ་བ་དང་གཞི་རིམ་སྒྲོག་འགྲེལ་བྱས།

ཝང་ལིས་མེན་གྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་སྒྱུར་བར་སྐུལ་འདེད་གཏོང་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱེད་དགོས་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་གི་མངོན་གསལ་དོད་པའི་ལེགས་ཆ་ལ་གོ་བ་གཏིང་ཟབ་ལེན་དགོས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཡིད་རྟོན་ཇེ་བརྟན་དུ་གཏོང་བ་དང་། ཡང་དག་པའི་སྒོ་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་སྒྱུར་བའི་སྤྱིའི་བླང་བྱ་དང་། སྤྱིའི་དམིགས་འབེན། འགན་འཁྲི་གཙོ་བོ་བཅས་ལ་སྐུལ་འདེད་གཏོང་བ་དང་། ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་བྱས་ནས་ཚང་འཛོམས་གྲོས་ཚོགས་སྟེང་གཏན་ལ་ཕབ་པའི་དམིགས་འབེན་དང་ལས་འགན་ཁག་ཁྱོན་ཡོངས་ནས་དོན་ཐོག་ཏུ་འཁྱོལ་བར་འགན་སྲུང་ཏན་ཏིག་བྱ་དགོས་པ་བཅས་ལ་དམིགས་ནས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལ་བརྒྱུད་རིམ་ལྡན་པའི་རྒྱས་བཤད་དང་འགྲེལ་བཤད་གཏིང་ཟབ་བྱས་པ་མ་ཟད། 《ཆོད་དོན་》གྱི་འཆར་ཟིན་འགོད་པའི་བརྒྱུད་རིམ་ངོ་སྤྲོད་བྱས་ཤིང་། 《ཆོད་དོན》གྱི་དོན་སྙིང་གལ་ཆེན་ནན་བཤད་བྱས། ན་གོར་མོ་གྲོང་ཁྱེར་གྱི་ཏང་ཡོན་ལས་བྱེད་པ་དང་ལས་རིགས་ཁག་གི་འཐུས་མི་150ལྷག་གིས་ཡུས་དངོས་སུ་སྙན་ཞུ་ལ་ཉན།

ཟླ་11པའི་ཚེས་14ཉིན་དང་ཚེས་15ཉིན་གཉིས་ལ། ཝང་ལིས་མེན་སྔ་རྗེས་སུ་མཚོ་སྔོན་ཞིན་ཅང་བོད་ལྗོངས་སྐམ་སའི་ཚོང་འགྲུལ་ཟོང་འགྲེམས་ལྟེ་གནས་ཀྱི་རྣམ་གྲངས་དང་། ན་གོར་མོ་གྲོང་ཁྱེར་གྱི་ཞིང་སྡེ་ཡིད་རྟོན་མཉམ་འབྲེལ་ཁང་དུ་བསྐྱོད་དེ་རྟོག་ཞིབ་བྱས་པ་དང་། རྣམ་གྲངས་འཛུགས་སྐྲུན་གྱི་འཕེལ་རིམ་གནས་ཚུལ་དང་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་དངུལ་རྩའི་ཞབས་ཞུའི་བྱ་བར་རྒྱུས་ལོན་ཞིབ་ཕྲ་བྱས་པ་མ་ཟད། ཏང་ཡོན་ལས་བྱེད་པ་དང་བཟོ་པའི་ལས་བཟོ་བའི་འཐུས་མི་དང་བྱམས་བརྩེའི་ངང་གླེང་མོལ་བྱས་ནས་ཚང་མར་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སྒྲོག་འགྲེལ་བྱས།