ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་ལྷོ་ཆུ་བྱང་འདྲེན་གྱི་རྗེས་མཐུད་བཟོ་སྐྲུན་བྱ་བའི་གྲོས་ཚོགས་བསྡུས།
2019.11.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 19

ཟླ་བཅུ་གཅིག་པའི་ཚེས་བཅོ་བརྒྱད་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་ལྷོ་ཆུ་བྱང་འདྲེན་གྱི་རྗེས་མཐུད་བཟོ་སྐྲུན་བྱ་བའི་གྲོས་ཚོགས་བསྡུས།

ཆུ་བེད་པུའུ་དང་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་ལྷོ་ཆུ་བྱང་འདྲེན་རྗེས་མཐུད་བཟོ་སྐྲུན་འཛུགས་སྐྲུན་གྱི་སྤྱིའི་བསམ་ཚུལ་ཡར་ཞུ་བྱས།

ལིས་ཁི་ཆང་གིས་གསུངས་རྒྱུར། ལྷོ་ཆུ་བྱང་འདྲེན་བཟོ་སྐྲུན་གྱི་སྤྱིའི་འཆར་འགོད་འཐུས་ཚང་ཇུས་གཞི་ལྟར། དུས་སྐབས་སྔོན་གྱི་བྱ་བ་དམ་འཛིན་བྱས་ཏེ་དུས་དང་མཐུན་པའི་སྒོ་ནས་ཤར་རྒྱུད་དང་དབུས་རྒྱུད་རྗེས་མཐུད་བཟོ་སྐྲུན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། སྔོན་ལ་ཆུ་གྲོན་ཆུང་དང་རྗེས་ནས་ཆུ་འདྲེན་པ་རྒྱུན་འཁྱོངས་བྱས་ཏེ་ལུགས་དང་མི་མཐུན་པའི་སྒོ་ནས་ཆུ་བཀོལ་སྤྱོད་བྱེད་པར་ཚོད་འཛིན་བྱེད་དགོས་པ་དང་བཟོ་སྐྲུན་གྱི་སྤུས་ཚད་ལ་འགན་སྲུང་བྱེད་དགོས། དེ་དང་མཉམ་དུ་ནུབ་རྒྱུད་བཟོ་སྐྲུན་འཆར་འགོད་ཇུས་གཞི་གཏན་འཁེལ་བྱེད་པར་རིགས་པས་སྒྲུབ་དགོས་ཟེར།

ལིས་ཁི་ཆང་གིས་གསུངས་རྒྱུར། དེང་སྐབས་ནུས་ལྡན་དངུལ་གཏོང་རྒྱ་སྐྱེད་སྐབས་ཆུ་བེད་བཟོ་སྐྲུན་དང་ཆ་ཚང་སྒྲིག་ཆས་འཛུགས་སྐྲུན་གཙོར་བཟུང་སྟེ་ཞིང་ལས་རྨང་གཞི་སྲ་བརྟན་དུ་གཏོང་བ་དང་། འབྲེལ་ཡོད་ཐོན་ལས་དང་སྒྲིག་ཆས་འཕེལ་རྒྱས་ལ་སྣེ་ཁྲིད་བྱས་ནས་ཞིང་བ་ལས་བཟོ་བ་སོགས་ལ་སྔར་ལས་མང་པོའི་ལས་ཞུགས་ལས་གནས་གསར་སྐྲུན་བྱེད་དགོས། འབྲེལ་ཡོད་ལས་ཁུངས་དང་ས་གནས་ཀྱིས་སྤུས་ཚད་ལ་ཁག་ཐེག་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ཏུ་འཛུགས་སྐྲུན་བྱེད་བཞིན་པའི་ལས་གཞི་མྱུར་དུ་ལག་བསྟར་བྱེད་པ་དང་། ཚད་ལྡན་ཡིན་པའི་ཆུ་བེད་བཟོ་སྐྲུན་སྐོར་ཞིག་མྱུར་དུ་ལས་འགོ་རྩོམ་དགོས་ཟེར།

ལིས་ཁི་ཆང་གིས་གསུངས་རྒྱུར། མ་དངུལ་བསྡུ་བ་དང་འཛུགས་སྐྲུན། སྐྱེལ་འདྲེན་བདག་གཉེར། དོ་དམ་རྐྱེན་སྲོལ་གསར་སྐྲུན་བྱེད་དགོས། ཆུའི་རིན་གོང་སྲིད་ཇུས་ལ་ཞིབ་འཇུག་དང་བཅོས་སྒྱུར་བྱེད་པ་དང་། ལུགས་མཐུན་ཡར་ཞུའི་རྐྱེན་སྲོལ་བཙུགས་ནས། སྤྱི་ཚོགས་ཀྱི་མ་རྩ་འཛུགས་སྐྲུན་བདག་གཉེར་ཁྲོད་དུ་ཞུགས་པའི་ནུས་པ་ཇེ་ཆེར་གཏོང་དགོས། བཟོ་སྐྲུན་གྱི་དོན་དུ་མང་ཚོགས་གནས་སྤོར་བྱེད་དགོས་ན་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས། གནས་སྤོར་མང་ཚོགས་ཕྱུག་སྒྱུར་བྱེད་པར་ཆ་རྐྱེན་བཟང་བོ་སྐྲུན་དགོས་ཟེར།