ལི་ཁི་ཆང་གིས་འཛམ་གླིང་དངུལ་ཁང་གི་འགོ་བ་མཱ་ཨར་ཕ་སི་ལ་མཇལ་འཕྲད་གནང་།
2019.11.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 97

ཟླ་བཅུ་གཅིག་པའི་ཚེས་ཉི་ཤུའི་ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁི་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་འཛམ་གླིང་དངུལ་ཁང་གི་འགོ་བ་མཱ་ཨར་ཕ་སི་ལ་མཇལ་འཕྲད་གནང་།


རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁི་ཆང་གིས་ཚེས་ཉི་ཤུའི་ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་འཛམ་གླིང་དངུལ་ཁང་གི་འགོ་བ་མཱ་ཨར་ཕ་སི་ལ་མཇལ་འཕྲད་གནང་།

ལི་ཁི་ཆང་གིས་བསྟན་དོན། འཛམ་གླིང་དངུལ་ཁང་ནི་འཛམ་གླིང་ཡོངས་ཀྱི་ཆེས་གལ་ཆེ་བའི་ཕྱོགས་མང་འཕེལ་རྒྱས་ལས་ཁུངས་ཤིག་ཡིན། ཀྲུང་གོ་ཕྱོགས་ཀྱིས་འཛམ་གླིང་དངུལ་བར་གྱི་འཕེལ་རྒྱས་འབྲེལ་བར་མཐོང་ཆེན་ཚད་མཐོན་པོ་བྱེད་བཞིན་ཡོད་པ་དང་། མུ་མཐུད་དུ་འཛམ་གླིང་དངུལ་ཁང་དང་མཉམ་དུ་མ་དངུལ་དང་ཤེས་བྱའི་མཉམ་ལས་བརྒྱུད་ནས། ཁོར་ཡུག་སྲུང་སྐྱོབ་དང་སྐྱེ་དངོས་སྣ་མང་རང་བཞིན། དབུལ་ཉུང་འཕེལ་རྒྱས་སོགས་ཁྱབ་ཁོངས་གལ་ཆེན་གྱི་མཉམ་ལས་གཏིང་ཇེ་ཟབ་ཏུ་གཏོང་འདོད་ཡོད་པར་མ་ཟད། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་པོའི་འདོན་འོས་པའི་རྒྱལ་སྤྱིའི་འགན་འཁྲི་དང་འོས་འགན་ལག་བསྟར་བྱས་ཏེ། འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་ལས་དོན་ལ་མཉམ་དུ་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ལི་ཁི་ཆང་གིས་བསྟན་དོན། དེང་སྐབས་རྒྱལ་སྤྱིའི་གནས་བབ་རྙོག་འཛིང་ཛ་དྲག་ཡིན་པ་དང་འཛམ་གླིང་དཔལ་འབྱོར་མར་འགྲིབ་པའི་གནོན་ཤུགས་ཇེ་ཆེར་འགྲོ་བཞིན་ཡོད་ལ། དཔལ་འབྱོར་དངོས་ཚན་གཙོ་བོའི་དཔལ་འབྱོར་འཕར་ཚད་ཇེ་དལ་དུ་འགྲོ་བཞིན་ཡོད། ཀྲུང་གོའི་དཔལ་འབྱོར་འཛམ་གླིང་དང་མཉམ་འདྲེས་ཟབ་མོ་བྱུང་ཡོད་པ་དང་། ང་ཚོས་ད་ལྟ་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་སྒོ་འབྱེད་རྒྱ་སྐྱེད་པ། ཁྲོམ་ར་ཅན་དང་ཁྲིམས་ལུགས་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་ནས། ཚོང་རའི་གསོན་ཤུགས་སྔར་ལས་སྐུལ་སྤེལ་བྱེད་བཞིན་ཡོད། ཀྲུང་གོས་ཕྱོགས་སོ་སོའི་བར་གྱི་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། རྩ་དོན་རྨང་གཞི་ཡིན་པའི་རང་དབང་ཉོ་ཚོང་ལམ་ལུགས་ལ་སྲུང་སྐྱོང་བྱེད་པ་དང་དུས་ངལ་མཉམ་སེལ་བྱས་ཏེ། འཛམ་གླིང་གི་དཔལ་འབྱོར་འཕར་སྣོན་དང་རང་སོ་སོའི་འཕེལ་རྒྱས་ལ་སྒུལ་ཤུགས་གསར་བ་སྣོན་འདོད་ཡོད་ཟེར།

མཱ་ཨར་ཕ་སི་ཡིས་བསྟན་དོན། དེང་སྐབས་འཛམ་གླིང་དཔལ་འབྱོར་ཛ་དྲག་ཆེ་བའི་འགྲན་རྩོད་ལ་འཕྲད་ཡོད་པས། ཕྱོགས་སོ་སོས་མཉམ་དུ་ཁ་གཏད་འཇལ་དགོས། ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ལ་སྦས་ཤུགས་ཆེན་པོ་ཡོད་པ་དང་ཕྱི་ཕྱོགས་སྒོ་འབྱེད་ཐད་ནས་གྲུབ་འབྲས་མངོན་གསལ་བླངས་ཡོད། ཀྲུང་གོ་སྲིད་གཞུང་གིས་འཕར་སྣོན་མངོན་འགྱུར་བྱེད་པ་དང་མི་གྲངས་ལོ་ལོན་ཅན་དང་ཚན་རྩལ་གསར་སྐྲུན། ཁོར་ཡུག་སྲུང་སྐྱོབ་སོགས་ལ་ཁ་གཏད་འཇལ་བའི་ཐད་ནས་འབད་བརྩོན་ལྷོད་མེད་བྱེད་བཞིན་ཡོད་ལ། འཛམ་གླིང་དངུལ་ཁང་གིས་ཀྲུང་གོ་ཕྱོགས་དང་མཉམ་དུ་གོང་གསལ་ཁྱབ་ཁོངས་ནས་མཉམ་ལས་སྤེལ་འདོད་ཡོད་ཟེར།

ཝང་དབྱི་དང་ཧི་ལི་ཧྥིན་སོགས་མཇལ་འཕྲད་ལ་ཞུགས།