ཀྲུང་དབྱང་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོའི་འགོ་ཁྲིད་ཚན་ཆུང་གིས་སྐོར་ཐེངས་གཉིས་པའི་བརྗོད་དོན་སློབ་གསོའི་ལས་ཁུངས་དང་གཞི་རིམ་ཏང་རྩ་འཛུགས་ཀྱིས་ཆེད་དོན་རྩ་འཛུགས་འཚོ་བའི་ཚོགས་འདུ་དང་ཏང་ཡོན་ལ་དམངས་གཙོ་དཔྱད་ཞིབ་བྱེད་པའི་སྐོར་གྱི་བརྡ་ཐོ་འགྲེམ་སྤེལ་བྱས།
2019.11.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 32

ཉེ་ལམ། ཀྲུང་དབྱང་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོའི་འགོ་ཁྲིད་ཚན་ཆུང་གིས་སྐོར་ཐེངས་གཉིས་པའི་བརྗོད་དོན་སློབ་གསོའི་ལས་ཁུངས་དང་གཞི་རིམ་ཏང་རྩ་འཛུགས་ཀྱིས་ཆེད་དོན་རྩ་འཛུགས་འཚོ་བའི་ཚོགས་འདུ་དང་ཏང་ཡོན་ལ་དམངས་གཙོ་དཔྱད་ཞིབ་བྱེད་པའི་སྐོར་གྱི་བརྡ་ཐོ་འགྲེམ་སྤེལ་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱས་ནས། གནད་དོན་ལ་ནན་ཏན་སྒོས་ཞིབ་ལྟ་བྱེད་པ་དང་། དངོས་ཐོག་བདེན་འཚོལ་རྒྱུན་འཁྱོངས་བྱེད་དགོས་ལ། སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བྱེད་པར་བརྟེན་ནས་སྤུས་ཚད་མཐོ་བའི་ཆེད་དོན་རྩ་འཛུགས་འཚོ་བའི་ཚོགས་འདུ་བསྡུ་བ་ཁག་ཐེག་བྱེད་དགོས་པའི་རེ་བ་བཏོན།

བརྡ་ཐོའི་ནང་དུ་རིམ་པ་སོ་སོའི་མཛུབ་སྟོན་ཚན་ཁག་དང་སྐོར་ཞིབ་མཛུབ་སྟོན་ཚན་ཁག སྐོར་ཞིབ་ལྟ་རྟོག་མཛུབ་སྟོན་ཚན་ཁག་བཅས་ཀྱིས་ལྟ་རྟོག་ནན་མོ་བྱེད་པ་དང་མཛུབ་སྟོན་ལེགས་པོ་བྱས་ནས་རྩད་ཆོད་པའི་གནད་དོན་དུས་ཐོག་ཏུ་ཡོ་བསྲང་བྱེད་དགོས། བློ་ཐག་རྦད་ཆོད་སྒོས་ཕྱི་ཚུལ་རིང་ལུགས་ལ་ངོ་རྒོལ་བྱེད་པ་དང་། གནད་དོན་ཐག་མི་གཅོད་པ་དང་ཏང་ཡོན་ལ་འདེམ་ཤོག་འཕངས་ནས་གདེང་འཇོག་ཙམ་བྱེད་པ་སོགས་གཏན་འགོག་བྱེད་དགོས་པའི་རེ་བ་བཏོན།