མཚོ་སྔོན་ཞིང་ཆེན་གྱི་གློག་རྡུལ་ཚོང་དོན་ཞིང་སྡེ་རུ་བསྐྱོད་པའི་ཕྱོགས་བསྡུས་དཔེ་སྟོན་བྱ་བའི་སྐུལ་སྤེལ་གྲོས་ཚོགས་ཟི་ལིང་ནས་ཚོགས།
2019.11.22 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 28

མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་གློག་རྡུལ་ཚོང་དོན་ཞིང་སྡེ་རུ་བསྐྱོད་པའི་ཕྱོགས་བསྡུས་དཔེ་སྟོན་བྱ་བའི་སྐུལ་སྤེལ་གྲོས་ཚོགས་ཟླ་བཅུ་གཅིག་པའི་ཚེས་ཉེར་གཅིག་ཉིན་ཟི་ལིང་ནས་ཚོགས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ལིག་ཐའོ་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།

ལིག་ཐའོ་ཡིས་བསྟན་དོན། 2015ལོའི་ཚུན་དུ། ཞིང་ཆེན་ཡོངས་ཀྱི་རྫོང་ཞེ་གཅིག་ཏུ་གཅིག་རྗེས་གཉིས་ཀྱིས་གློག་རྡུལ་ཚོང་དོན་ཞིང་སྡེ་རུ་བསྐྱོད་པའི་ཕྱོགས་བསྡུས་དཔེ་སྟོན་བྱ་བ་སྤེལ་ནས། ཞིང་ཆེན་ཡོངས་ཀྱི་རྫོང་ཁོངས་ཡོངས་སུ་ཁེབས་པར་བྱས། གློག་ཚོང་ཞིང་སྡེ་རུ་བསྐྱོད་པ་ནི། དབུལ་ཐར་མཁྲེགས་གཏོར་གྱི་རྒྱལ་ཁ་ལེན་པའི་ཕན་ཡོད་བྱེད་ཐབས་དང་། ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་བསྟར་བྱེད་པའི་ལག་ལེན་གལ་ཆེན། ཞིང་སྡེ་དར་སྤེལ་གྱི་འཐབ་ཇུས་ལག་བསྟར་བྱེད་པའི་བྱེད་ཐབས་གལ་ཆེན་ཡིན། ལོ་དུ་མའི་རིང་གི་དཔེ་སྟོན་སྣེ་ཁྲིད་བརྒྱུད་དེ། མཚོ་སྔོན་ཞིང་ཆེན་གྱི་གློག་རྡུལ་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་བ་དང་། སྤྱི་ཁོག་གི་འཕེལ་རྒྱས་ཁོར་ཡུག་ཐད་ནས་རྣམ་པ་བཟང་བོ་གྲུབ་ཡོད་ཟེར།

ལིག་ཐའོ་ཡིས་ནན་གྱིས་བསྟན་དོན། ས་ཁུལ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་ངོས་འཛིན་ཇེ་མཐོར་གཏོང་བ་དང་། གནད་འགག་ལ་དམ་འཛིན་བྱེད་པ། བྱ་བའི་ཞན་ཆ་ཁ་གསབ་བྱས་ནས། ཞིང་སྡེའི་དངོས་སྐྱེལ་རྨང་གཞི་སྒྲིག་ཆས་ལ་འཆར་འགོད་དང་བཀོད་སྒྲིག་འོས་འཚམ་བྱེད་དགོས། སྲིད་ཇུས་འཐུས་ཚང་དུ་གཏོང་བ་དང་མ་དངུལ་བཀོད་སྒྲིག་བྱེད་པ། ཐོན་ཁུངས་མཉམ་བསྲེས་བྱེད་པ། ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་པའི་ཐད་ནས་རང་འགུལ་གྱིས་འབད་འཐབ་བྱེད་པ་དང་། ཐབས་མང་མཉམ་སྤྱོད་ཀྱིས་གློག་རྡུལ་ཚོང་དོན་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་གཏོང་དགོས། ཚོང་རྟགས་མིང་གྲགས་ཅན་དང་ཁྱད་ལྡན་ཞིང་ལས་ཐོན་རྫས་དྲིལ་སྒྲོག་དང་ངོ་སྤྲོད་བྱེད་དགོས། གློག་རྡུལ་ཚོང་དོན་ཐད་ཀྱི་ཤེས་ལྡན་མི་སྣའི་གསོ་སྦྱོང་ཡུན་ཕན་རྐྱེན་སྲོལ་འཛུགས་པ་དང་། གློག་རྡུལ་ཚོང་དོན་ཐད་ཀྱི་མཐོ་རིམ་འཇོན་མི་ནང་འདྲེན་བྱེད་པར་དོ་སྣང་བྱས་ཏེ། ཤེས་ལྡན་མི་སྣར་བརྟེན་ནས་ལས་སྤེལ་བྱེད་པར་སྐུལ་འདེད་གཏོང་དགོས། རིམ་པ་སོ་སོའི་འགོ་ཁྲིད་ཀྱིས་སྔར་ལས་དོ་སྣང་བྱེད་པ་དང་། ཆེད་བསྐོས་ལས་ཁུངས་ཀྱིས་སྔར་ལས་ཞིབ་འཇུག་ནན་མོ་བྱེད་པ། འབྲེལ་ཡོད་སྡེ་ཁག་གིས་སྔར་ལས་རྒྱབ་སྐྱོར་བྱེད་པ། འབྲེལ་ཡོད་ཁེ་ལས་ཀྱིས་འགན་འཁྲི་ཇེ་དྲག་ཏུ་གཏོང་བ། ལས་འགན་དམིགས་འབེན་སྔར་ལས་ཇེ་བརྟན་དུ་བཏང་སྟེ། དཀའ་ངལ་ཁྱད་སེལ་བྱེད་པ་དང་བབ་བསྟུན་མདུན་སྐྱོད། མཉམ་དུ་ཤུགས་འདོན་པའི་ཁྲོད་གློག་རྡུལ་ཚོང་དོན་མཚོ་སྔོན་དུ་བསྐྱོད་པའི་ཕྱོགས་བསྡུས་དཔེ་སྟོན་བྱ་བའི་རིམ་སྤོར་པར་གཞི་འཛུགས་སྐྲུན་བྱེད་དགོས་ཟེར།

སྐུལ་སྤེལ་གྲོས་ཚོགས་རྗེས་སུ། ས་ཁུལ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོ། གློག་ཚོང་ཁེ་ལས་ཀྱི་འགན་ཁུར་བློ་མཐུན་བཅས་ད་དུང་ཆེད་དོན་གསོ་སྦྱོང་ལ་ཞུགས།