མཚོ་སྔོན་ཞིང་ཆེན་སྲིད་གཞུང་ཏང་ཙུའུ་ཡིས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་བྱ་འགུལ་སྤེལ།
2019.12.01 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 39

ཟླ་བཅུ་གཅིག་པའི་ཚེས་ཉེར་དགུ་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ཧྲིན་ཀྲང་ལིག་ཉིང་གིས་ཞིང་ཆེན་སྲིད་གཞུང་ཏང་ཙུའུ་ཁོངས་མིའི་སྣེ་ཁྲིད་དེ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་སྣང་ར་ཞང་གྲམ་པ་ནང་སྡེ་བར་སོང་ནས། མཚོ་སྔོན་ཞིང་ཆེན་གྱི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་སྟེ་སྣང་རའི་སྟོན་དཔོན་གྱི་གཞིས་སྒར་ལ་ལྟ་ཞིབ་བྱས།

ལིག་ཉིང་གིས་ཚང་མ་དང་མཉམ་དུ་སྒྲོག་འགྲེལ་ལ་ཉན་པ་དང་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་བརྙན་ཐུང་ལ་བལྟས་ནས། སྣང་རའི་སྟོང་དཔོན་གྱི་གཞིས་སྒར་དང་འབྲེལ་བའི་ལོ་རྒྱུས་ལ་རྒྱུས་ལོན་ཞིབ་མོ་བྱས་པ་ལས་གཞན། ཀྲུང་གུང་ཀྲུང་དབྱང་ནུབ་བྱང་ཅུའུ་ཡི་ཧྲུའུ་ཅི་ཞི་ཀྲུང་ཞོན་གྱིས་འགན་ཁུར་བའི་རིང་ལ། ཏང་གི་མི་རིགས་འཐབ་ཕྱོགས་གཅིག་གྱུར་སྲིད་ཇུས་ལག་བསྟར་བྱས་པའི་དཔེ་སྟོན་རང་བཞིན་ལ་སློབ་སྦྱོང་བྱས་པར་མ་ཟད། ནུབ་བྱང་ས་ཁུལ་གྱི་མི་རིགས་སྣ་འདུས་བར་གྱི་འགལ་བ་སེལ་བ་ལས་བྱུང་བའི་ལག་ལེན་གྲུབ་འབྲས་ཅན་དང་ཉམས་མྱོང་རིན་ཐང་བྲལ་བ་ལའང་སློབ་སྦྱོང་བྱས། དེ་མིན་ད་དུང་བློ་མཐུན་ཞི་ཀྲུང་ཞོན་གྱིས་ཏང་དང་རྒྱལ་ཁབ། མི་རིགས་འཕེལ་རྒྱས་བཅས་ཀྱི་ཆེད་བཞག་པའི་ཉམས་མེད་མཛད་རྗེས་ལ་དྲན་གསོ་གཏིང་ཟབ་བྱས།

ལྟ་ཞིབ་སློབ་སྦྱོང་བྱས་པ་བརྒྱུད་དེ་ཚང་མས་མགྲིན་གཅིག་ཏུ་བཞེད་དོན། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་རྒྱུ་ནི་དེང་རབས་ཀྲུང་གོའི་རྒྱལ་གཅེས་རིང་ལུགས་ཀྱི་བརྗོད་བྱ་གཙོ་བོ་གསལ་ཐག་ཆོད་པ་ཞིག་ཡིན་པ་དང་། མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་རྒྱུའི་སྐོར་གྱི་རྒྱས་བཤད་གལ་ཆེན་ལ་ཆེན་སློབ་སྦྱོང་དང་དེར་གོ་བ་ཟབ་མོ་ལེན་པ་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བརྗོད་དོན་སློབ་གསོའི་འགོ་ཁྲིད་ཚན་ཆུང་གི་འབྲེལ་ཡོད་བརྡ་ཐོའི་བླང་བྱ་གཞིར་བཟུང་ནས། བརྗོད་དོན་སློབ་གསོ་སྐོར་ཐེངས་དང་པོར་དག་ཐེར་དོནའ་ཁྱོལ་བྱས་དང་ཟུང་དུ་སྦྲེལ་བའི་སྒོ་ནས། ལས་དོན་ཡོད་ཚད་ལ་ཕྱིར་ལྟ་དང་བྗརོད་དོན་སློབ་གསོ་སྐོར་ཐེངས་གཉིས་པ་ཏན་ཏན་ཏིག་ཏིག་གི་ངང་ནས་སྤེལ་དགོས། སློབ་སྦྱོང་དང་སློབ་གསོའི་ཁྲོད་ནས་ཏང་ཡོན་ལས་བྱེད་པ་ཏང་ལ་དགའ་བ་དང་རྒྱལ་ཁབ་ལ་དགའ་བ། སྤྱི་ཚོགས་རིང་ལུགས་ལ་དགའ་བ་བཅས་སུ་འགྱུར་བར་གཅིག་གྱུར་བྱས་ཏེ། རྒྱལ་གཅེས་རིང་ལུགས་དེ་ཏང་ཡོན་ལས་བྱེད་པའི་ཡིད་ཆེས་བརྟན་པོ་དང་བསམ་པའི་སྟོབས་ཤུགས། རང་རྟོགས་ཀྱི་བྱ་སྤྱོད་བཅས་སུ་འགྱུར་བར་བྱས་ནས། ལོ་རྒྱུས་ཤེས་པ་དང་ཏང་ལ་དགའ་བ། ལོ་རྒྱུས་ཤེས་པ་དང་རྒྱལ་ཁབ་ལ་དགའ་བ། ལོ་རྒྱུས་ཤེས་པ་དང་མཚོ་སྔོན་ལ་དགའ་བ་བཅས་སུ་འགྱུར་བར་འབད་དགོས། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་བརྒྱུད་དེ། རྒྱལ་གཅེས་བརྩེ་སེམས་དང་ལོ་རྒྱུས་ཀྱི་འགན་འཁྲི་སྔར་ལས་ཆེ་རུ་གཏོང་བ་དང་། ཏང་ཡོན་ལས་བྱེད་པ་ཏང་དང་མི་དམངས་ཀྱི་བྱ་གཞག་ནང་ཧུར་ཐག་ཞུགས་རྒྱུར་ཁྲིད་སྟོན་བྱེད་པ། རང་འགུལ་ངང་འགན་འཁྲི་འཁུར་ནས་བྱས་རྗེས་འཇོག་པ་བཅས་བྱས་ཏེ། རྒྱལ་གཅེས་སྤྲོ་སེམས་དེ་བཅོས་སྒྱུར་དང་འཕེལ་རྒྱས། བརྟན་འཇགས་བཅས་ལ་སྐུལ་འདེད་གཏོང་བའི་བྱ་སྤྱོད་དངོས་ལ་བསྒྱུར་དགོས་པ་ལས་གཞན། རྒྱལ་གཅེས་རིང་ལུགས་དེ་སྒྱུར་འཕེལ་བརྟན་གསུམ་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་གལ་ཆེན་ཞིག་ཏུ་འགྱུར་བར་བྱེད་དགོས་ཟེར།

ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཁོངས་མི་ཝང་ལིས་མེན་དང་དབྱང་ཧྥིན་ཁྲོན། ཝང་ཀྲིན་ཧྲིན། ཐེན་ཅིན་ཁྲིན། ཀྲང་ལིས། ལིག་ཐའོ། ཀྲང་ཧུང་ཡོན། ཧྲིན་ཀྲང་གཞོན་པ་ཁོང་ཡུང་བཅས་གོང་གསལ་བྱ་འགུལ་ལ་ཞུགས།