རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞིའི་གྲོས་ཚོགས་ཐེངས་སུམ་ཅུ་བ་པེ་ཅིན་ནས་བསྡུས་པ་དང་ཝང་དབྱང་གིས་གྲོས་ཚོགས་ལ་འགོ་འཛིན་མཛད།
2019.12.04 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 75

ཟླ་བཅུ་གཉིས་པའི་ཚེས་གསུམ་ཉིན། སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་གྲོས་ཚོགས་ཐེངས་སུམ་ཅུ་བ་པེ་ཅིན་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་གྲོས་ཚོགས་ལ་འགོ་འཛིན་མཛད་པར་མ་ཟད་གསུང་བཤད་གནང་།


སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་གྲོས་ཚོགས་ཐེངས་སུམ་ཅུ་བ་ཚེས་གསུམ་ཉིན་པེ་ཅིན་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་གྲོས་ཚོགས་ལ་འགོ་འཛིན་མཛད་པར་མ་ཟད་གསུང་བཤད་གནང་།

གྲོས་ཚོགས་ནས་རྒྱལ་ཡོངས་སྲིད་གྲོས་གཞུང་སྒྲུབ་ཐིན་གྱིས་རྒྱལ་ཡོངས་ཀྱི་ས་གནས་སྲིད་གྲོས་ཀྱི་དྲུང་ཡིག་ཆེན་མོ་དང་ཞིབ་འཇུག་ཁང་གི་ཀྲུའུ་རིན་གྱི་ཆེད་དོན་ཞིབ་བསྡུད་འཛིན་གྲྭའི་གནས་ཚུལ་གྱི་སྙན་ཞུ་དང་། སློབ་གསོ་ཚན་རྩལ་དང་འཕྲོད་བསྟེན་ལུས་རྩལ་ཨུ་ཡོན་ལྷན་ཁང་། སྤྱི་ཚོགས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་། ཞང་ཀང་དང་ཨོ་མོན། ཐེ་ཝན་བཅས་ཀྱི་ཕྱི་སྡོད་རང་མིའི་ཨུ་ཡོན་ལྷན་ཁང་། ཕྱི་དོན་ཨུ་ཡོན་ལྷན་ཁང་བཅས་ཀྱི་ཉིས་སྟོང་བཅུ་དགུ་ལོའི་བྱ་བའི་གནས་ཚུལ་སྐོར་གྱི་འབྲེལ་ཡོད་སྙན་ཞུ་ལ་ཉན།

ཝང་དབྱང་གིས་བསྟན་དོན། ད་ལོའི་ཚུན་ལ་རྒྱལ་ཡོངས་སྲིད་གྲོས་གཞུང་སྒྲུབ་ཐིན་དང་ཆེད་དོན་ཨུ་ཡོན་ལྷན་ཁང་སོ་སོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། ཀྲུང་གོ་གུང་ཁྲན་ཏང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་དང་ཀྲུང་དབྱང་སྲིད་གྲོས་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་བཅས་ལ་ནན་ཏན་གྱིས་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། བྱ་བ་ལེགས་བཅོས་བྱེད་པའི་ཐད་ལ་ནུས་ཤུགས་གང་ཡོད་བཏོན་ནས་གྲུབ་འབྲས་བཟང་བོ་བླངས་ཡོད། ད་ལོའི་ལོ་གཅིག་རིང་གི་གསར་སྐྲུན་རང་བཞིན་གྱི་བྱ་བའི་བྱེད་ཐབས་དང་མཉམ་མྱོང་རབ་དང་རིམ་པ་ནན་ཏན་གྱིས་སྤྱི་བསྡོམས་བྱེད་པ་དང་། གྲུབ་འབྲས་ལེགས་བསྒྱུར་བྱེད་པ་དང་གཞུང་ལུགས་ཞིབ་འཇུག་ལ་ཤུགས་བསྣན་ནས་བྱ་བའི་ལམ་ལུགས་འཐུས་ཚང་དུ་བཏང་སྟེ། བྱ་བ་སྣ་ཚོགས་རྒྱུན་འཁྱོངས་ཀྱི་ཁྲོད་ནས་འཕེལ་རྒྱས་དང་གཏན་འཇགས་ཀྱི་ཁྲོད་ནས་འཐུས་ཚང་དུ་འགྲོ་བར་སྐུལ་འདེད་གཏོང་དགོས། ད་ལོའི་བྱ་བ་སྤྱི་བསྡོམས་བྱེད་པའི་མཇུག་བཟང་བོར་བསྡུ་བ་དང་སང་ལོའི་བྱ་བར་འཆར་འགོད་ལེགས་པོ་བྱེད་པ། ཏང་དང་རྒྱལ་ཁབ་ཀྱི་བྱ་བ་གཙོ་བོ་དམིགས་སུ་བཟུང་ནས་བརྗོད་དོན་ལེགས་འདེམ་བྱེད་པ། ལོ་མཇུག་གི་གྲོས་མོལ་འཆར་གཞི་གཏན་འབེབ་བཟང་བོ་བྱེད་པ། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པ་དང་ས་གནས་སྲིད་གྲོས་ཀྱིས་ཀྲུང་དབྱང་སྲིད་གྲོས་བྱ་བའི་གྲོས་ཚོགས་ཀྱི་མཉམ་མྱོང་བརྗེ་རེས་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ། མི་དམངས་སྲིད་གྲོས་ཆེད་དོན་གྲོས་མོལ་གྱི་ནང་རྐྱེན་ནུས་པ་འདོན་སྤེལ་གང་ལེགས་བྱེད་པའི་གཞུང་ལུགས་ཞིབ་སྡུར་ཚོགས་འདུ་སོགས་གྲོས་ཚོགས་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་བྱེད་པ་དང་། གྲོས་མོལ་གྲོས་ཞུགས་ཀྱི་བྱ་འགུལ་སོ་སོ་རྩ་འཛུགས་བཟང་བོ་བྱས་ཏེ། མི་དམངས་སྲིད་གྲོས་བྱ་བ་སྐས་རིམ་གསར་བ་ཞིག་ཏུ་སླེབས་པར་འབད་བརྩོན་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་དགོས་ཟེར།

གྲོས་ཚོགས་ནས་རྒྱལ་ཡོངས་སྲིད་གྲོས་ཆེད་དོན་ཨུ་ཡོན་ལྷན་ཁང་གི་བྱ་བའི་གྲོས་ཚོགས་ཟླ་བཅུ་གཉིས་པའི་ཚེས་བཅུ་དྲུག་ཉིན་པེ་ཅིན་ནས་འཚོགས་རྒྱུ་གཏན་འཁེལ་བྱས།

ཀྲུའུ་ཞིའི་གྲོས་ཚོགས་ཀྱིས་ཉིས་སྟོང་བཅུ་དགུ་ལོའི་ཐུན་མོང་སློས་སྦྱོང་ཚོགས་འདུ་ཐེངས་བཞི་བ་དང་བསྡུས་པ་དང་། རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། རྒྱལ་ཁབ་བསྡོམས་རྩིས་ཅུའུ་ཡི་ཅུའུ་ཀྲང་ཉིན་ཅི་ཀྲི་ཡིས་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་བརྗོད་དོན་ལ་དམིགས་ནས་བྱ་བའི་སྙན་ཞུ་ཕུལ།

ཀྲང་ཆིན་ལི་དང་ལིག་ཆི་པའོ། ཝན་ཀང་། ཧི་ཧིག་ཧྭ། ལུའུ་ཀྲན་ཀུང་། ཝང་ཀྲིན་ཝེ། མཱ་པའོ། ཁྲིན་ཞའོ་ཀོང་། ཞ་པའོ་ལུང་། དབྱང་ཁྲོན་ཐང་། ལི་པེན། ཝང་ཡུང་ཆིན། སུའུ་ཧོས། ཀྲིན་ཅན་པང་། ཀུའུ་ཧྲིན་ཙུའུ། ལིག་ཞིན་ཁྲིན། ཧི་ཝེ། ཧྲོ་ཧོང་། ཀའོ་ཡུན་ལུང་བཅས་གྲོས་ཚོགས་ལ་ཞུགས།